ཚེས་4ཉིན་2024ལོའི་ལྷ་སའི་ཕུལ་བྱུང་ལྷ་མོའི་འཁྲབ་སྟོན་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་འགོ་ཚུཊ་པ་རེད།
སྔ་དྲོའི་ཆུ་ཚོད་10ཙམ་ལ། ལྷ་མོའི་འཁྲབ་སྟོན་འགོ་ཚུགས་པར་ད་དུང་ཆུ་ཚོད་གཅིག་ཡོད་མོད། འོན་ཀྱང་རྫོང་རྒྱབ་ཀླུ་ཁང་ནང་གི་ལྷ་མོའི་འཁྲབ་སྟོན་བྱ་ཡུལ་གྱི་མཐའ་འཁོར་དུ་གྲོང་མི་མང་ཚོགས་ཀྱིས་ཁེངས་པ་དང་ཚ་ཚ་འུར་འུར་ཀྱི་རྣམ་པས་ཁེངས་ཡོད།
མཛེས་སྡུག་ལྡན་པའི་ཟློས་གར་གྱི་གྱོན་ཆས་དང་རྔམ་བརྗིད་ལྡན་པའི་གཞས་གདངས་དང་སྦྲགས་ཆུ་ཚོད་11ཙམ་ལ་སྙེ་མོ་དར་གྲོང་ལྷ་མོ་རུ་ཁག་གིས《བཀྲ་ཤིས་ཞོལ་པ》འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད། དེའི་རྗེས་སུ་སྟོད་ལུང་བདེ་ཆེན་ཆུས་དགའ་གདོང་ལྷ་མོ་རུ་ཁག་གིས་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེ་གྲས་བརྒྱད་ཀྱི་ཡ་གྱལ《སྣང་ས་འོད་འབུམ》འཁྲབ་སྟོན་བྱས། གདོང་འབག་གྱོན་པའམ་མ་གྱོན་པའི་མི་སྣ་རེས་མོས་ཀྱིས་གར་སྟེགས་ཐོག་གར་གྱི་སྟངས་སྟབས་སྣ་ཚོགས་བསྒྱུར་ཏེ།གཟིགས་མོ་བར་རྣ་བའི་བདུད་རྩི་དང་མིག་གི་ལོངས་སྤྱོད་དུ་ཕུལ། ལྷ་མོའི་འཁྲབ་སྟོན་ནི་ཞོ་སྟོན་གྱི་སྐབས་སུ་ངེས་པར་དུ་འཁྲབ་དགོས་པའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་ཏུ་གྱུར་ཡོད། སྟོད་ལུང་བདེ་ཆེན་ཆུས་དགའ་གདོང་ལྷ་མོ་རུ་ཁག་གི་རུ་མི་ཚེ་རིང་རྡོ་རྗེས་ད་ཐེངས་ངས《སྣང་ས་འོད་འབུམ》ནང་སྲས་གྲགས་པ་བསམ་གྲུབ་འཁྲབ་པ་ཡིན།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社