(པར་ངོས་དང་པོར་མཐུད)དེ་རྗེས་འཇམ་དབྱངས་བློ་གྲོས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཞིང་འབྲོག་པའི་རང་བསྐྲུན་ཁང་པར་ཡུལ་དངོས་སུ་གཟིཊ་ཞིབ་གནང་བ་དང་འབྲེལ།ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་སོགས་ཀྱི་གནས་ཚུལ་ལ་གྲལ་བཤེར་གནང་བ་རེད།
ཞོག་ཤང་དུ་འཇམ་དབྱངས་བློ་གྲོས་དང་བཅས་པས་གཞི་རིམ་གྱི་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ།ལས་བྱེད་པ་དང་ལས་བཟོ་བ་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་གདོང་དང་གདོང་ཐུག་ནས་སྒྲོག་འགྲེལ་གནང་བར་མ་ཟད།ཞོག་ཤང་གི་གཞི་རྩའི་གནས་ཚུལ་དང་གཙོ་གནད་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་།ཡུལ་དངོས་སུ་ཞོག་ཤང་གི་སྡོད་བྱ་སྣེ་ཁྲིད་དང་།འབྲུབ་འགོག གཞི་རིམ་བཅོས་སྐྱོང་།མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་སོཊ་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོཊ་ཀྱང་གནང་བ་རེད།
བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོར་འཇམ་དབྱངས་བློ་གྲོས་ཀྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དམིགས་སའི་རང་བཞིན་གྱི་སྒོ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སྒྲོག་འགྲེལ་གནང་བར་མ་ཟད།འབྲུབ་འགོག་དང་ཐོན་སྐྱེད་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ཀྱང་གནང་བ་རེད།འཇམ་དབྱངས་བློ་གྲོས་ཀྱིས་གཅིག་ནས་འབྲུབ་འགོག་གི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་དགོས་ཤིང་།སྟག་རྩེའི་ས་གཤིས་དང་ས་དབྱིབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་མིག་སྔའི་ཆུ་འབྲུབ་དུས་ཀྱི་ཆར་པ་དང་ཆུ་ཁ་རྒྱས་ཚུལ་ལ་ཞིབ་འཇུག་དང་དབྱེ་ཞིབ་གང་ལེགས་བྱས་ཏེ་སྔོན་ལ་ཁ་གཏད་གཅོག་པའི་སྔོན་ཇུས་དང་ཇུས་གཞི་ཡག་པོ་བཟོ་བ་དང་།སྟོབས་ཤུགས་འཐུས་ཚང་དུ་གཏོང་བ།ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་དང་།གཉིས་ནས་གྲ་སྒྲིག་གི་ལས་ཀ་ཁག་ལེགས་པར་བསྒྲུབ་དགོས་ཤིང་།རིམ་ཁག་འགན་གཙང་མཉམ་འབྲེལ་གྱི་འགོ་ཁྲིད་དང་།ལས་རིགས་སྡེ་ཚན། ཁོངས་གཏོགས་ས་ཁུལ་གྱི་ལས་བྱེད་པ་བཅས་འཐབ་ས་མདུན་མར་བསྐྱོད་དེ་ཡུལ་དངོས་སུ་གཙོ་གནད་ས་གནས་དང་ཉམས་ཞན་ས་ཁོངས་ལ་ལྟ་ཞིབ་བྱས་ཏེ་སྔ་ཙམ་དམ་འཛིན་དང་ཆུང་བ་ནས་དམ་འཛིན་བྱས་ནས་གནས་ཚུལ་མ་ཐོན་གོང་སྔོན་འགོག་བྱེད་དགོས། གསུམ་ནས་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ལེཊ་པར་བསྒྲུབ་དགོས་ཤིང་།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱ་རྒྱུ་གཙོ་བོར་བྱས་ཏེ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་།ཤང་གྲོང་རྡལ་དང་གྲོང་ཚོ་གྲོང་ལྷན་གྱི་དོན་དངོས་ལ་དམིཊ་ཏེ་ཞན་ཆ་དང་ཉམས་ཞན་ལ་དམ་འཛིན་བྱེད་པ། གནད་དོན་གྱི་ཁྲིད་སྟོན་དང་མཇུག་འབྲས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་བཅས་ཀྱིས་ལས་བྱེད་པ་དང་མང་ཚོཊ་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་བདེ་འཇཊ་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས།མཐའ་ཚད་འཛིན་སེམས་བཅས་ཆེ་རུ་བཏང་ནས་གྲོང་ཁྱེར་ཏང་ཨུད་ཀྱིས་བཀོད་སྒྲིག་གནང་བའི་གཙོ་གནད་ལས་འགན་དྲུག་སྟག་རྩེར་དོན་འཁྱོལ་བྱས་ནས་ཕན་འབྲས་བཟང་པོ་ཐོན་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社