(པར་ངོས་དང་པོར་མཐུད)བཟོ་ལྟ་མི་འདྲ་བའི་རླངས་འཁོར་ཁག་གཅིག་གི་གཟིགས་སྐྱོང་བྱེད་ཚད་སྒོར་ཁྲི་10ཡན་ཟིན་གྱི་ཡོད།ཝང་ཧན་གྱིས་ཁ་གསབ་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་དེ་སྔ་རླངས་འཁོར་ཉོ་འདོད་ཡོད་པའི་སྐུ་མགྲོན་ཁག་གཅིག་ལ་འཛད་སྤྱོད་ཀྱི་སྤྲོ་སེམས་ཆེ་རུ་ཕྱིན་ནས་ཚོང་ཁང་ཧྲིལ་པོའི་ཕྱིར་ཚོང་ལ་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།འདི་ལོའི་ཟླ་6པར་ང་ཚོས་རླངས་འཁོར་110ཙམ་ཕྱིར་ཚོང་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་20འཕར་ཡོད།ཕྱིས་སུ་ཕྱིར་ཚོང་བྱེད་ཚད་སྔར་བས་མང་དུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ལ་སྲིད་ཇུས་དེ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
《ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེང་གཏོང་བ་དང་།དམངས་འཚོར་ཕན་འདོགས་པ།ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་8》ལག་བསྟར་བྱས་པ་ནས་བཟུང་།བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་གྱིས་སྲིད་གཞུང་གི་རླངས་འཁོར་ཁ་གསབ་མ་དངུལ་གྱི་རྨང་གཞིའི་ཐོག་རླངས་འཁོར་ཉོ་མཁན་ལ་དམིགས་ཏེ་རླངས་འཁོར་གྱི་རིན་གོང་སྒོར་ཁྲི་20ནས་ཁྲི་30བར་ལ་སྒོར་6000གི་སྣུམ་སྣོན་བྱང་བུའི་ཁ་གསབ་སྤྲད་པ་དང་།རླངས་འཁོར་གྱི་རིན་གོང་སྒོར་ཁྲི་30ཡན་ལ་སྒོར་8000ཡི་སྣུམ་སྣོན་བྱང་བུའི་ཁ་གསབ་སྤྲད་པའི་སྲིད་ཇུས་ལག་བསྟར་བྱས་ཡོད།སྐུ་མགྲོན་ལ་ཕན་བདེ་མང་པོ་ལོངས་སུ་སྤྱོད་དུ་བཅུག་པ་དང་།དངོས་དངོས་རྗེན་རྗེན་གྱི་གཟིགས་སྐྱོང་འཛད་སྤྱོད་པར་ཐད་ཀར་ཐོབ་རྒྱུའི་འགན་ལེན་བྱས་ཏེ་ཁྲོམ་རའི་འཛད་སྤྱོད་ཀྱི་རྣམ་པ་བཟང་པོ་བཏོད་པས་རང་གྲོང་གི་རླངས་འཁོར་ཁྲོམ་རའི་བྲིན་ཚོང་སླར་གསོ་དང་ལེགས་སུ་འགྲོ་རྒྱུར་སྔར་བས་སྐུལ་མ་ཐེབས་ཡོད་པ་རེད།
《ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་།དམངས་འཚོར་ཕན་འདོགས་པ།ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་8》ལག་བསྟར་བྱས་ཚུན།རླངས་འཁོར་འཛད་སྤྱོད་བྱེད་རྒྱ་ཤུགས་ཆེར་གཏོང་རྒྱུར་དམིགས་ཏེ་རླངས་འཁོར་ཁོ་ནའི་རིན་གོང་ལ་གཞིགས་ཏེ་དངུལ་སྨར་དང་རླངས་འཁོར་གྱི་སྣུམ་སྣོན་བྱང་བུའི་ཁ་གསབ་སྤྲོད་པའི་བྱེད་སྒོ་སྤེལ་ཡོད།ཟླ་7ཚེས་7ཉིན་བར་གླིང་ཁུལ་གྱི་རླངས་འཁོར་འཛད་སྤྱོད་ལ་ཁྱོན་ཁ་གསབ་སྒོར་ཁྲི་208སྤྲད་ནས་མ་དངུལ་སྤྱོད་ཚད་བརྒྱ་ཆ་65ཟིན་ཡོད།སྣུམ་སྣོན་བྱང་བུའི་ཁ་གསབ་སྒོར་ཁྲི་75སྤྲད་ནས་མ་དངུལ་སྤྱོད་ཚད་བརྒྱ་ཆ་75ཟིན་ཡོད།སླད་ཕྱིན།གླིང་ཁུལ་གྱིས་དམངས་ལ་ཕན་འདོགས་པ་དང་ཁེ་ལས་ལ་རོགས་རམ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ།རླངས་འཁོར་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་ལས་རིགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་རོགས་རམ་དང་དཔལ་འབྱོར་འཕེལ་རྒྱས་ཐད་སྔོན་དཔག་བྱས་པའི་དམིགས་ཚད་དུ་སླེབས་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད་ཅེས་བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་དོ་དམ་ཨུ་ལྷན་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་ལས་དོན་པ་ཤི་ལོག་ཚེ་བརྟན་གྱིས་བཤད། (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社