分享按钮

(པར་ངོས་གཉིས་པར་མཐུད)བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཏང་རྩ་འཛུགས་ཀྱི་གསོ་སྐྱོང་དང་རེ་བ་སྟོང་ཟད་དུ་མི་གཏོང་བའི་རེ་བ་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཚན་ཁག་གི་ལས་དོན་པས་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་གཏུགས་བྱས་ཏེ། ཁོང་ཚོའི་སྙིང་གཏམ་ལ་ངང་རྒྱུད་རིང་པོས་ཉན་ནས་ཁོང་ཚོའི་འཚོ་བའི་གནས་ཚུལ་རྟོགས་པར་བྱས་པ་དང་། འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་རོགས་བྱས་པར་མ་ཟད། འབྲས་དང་གྲོ་ཞིབ། སྣུམ་སོགས་འཚོ་བར་མཁོ་བའི་དངོས་ཟོག་ཀྱང་སྤྲད་པ་རེད།

ཚེ་སྨོན་གླིང་སྡེ་ཁུལ་གྱི་ཏང་ཡོན་པདྨ་མཚོ་སྐྱིད་ཀྱིས་དེ་རིང་གི་བྱེད་སྒོས་ང་ཚོར་སྙིང་ཉེ་བའི་ཞབས་ཞུ་མང་པོ་ཞིག་བསྒྲུབས་བྱུང་བས་ངས་ཏང་གི་དྲོ་སྐྱིད་དང་སྟོབས་ཤུཊ་ཚོར་བྱུང་། ཕྱིས་འབྱུང་ངས་མུ་མཐུད་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཏེ་སྡེ་ཁུལ་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་ལེཊ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

གྲོང་ཁྱེར་སེམས་དྲོ་ཀུང་སི།

ཉེ་ཆར། གྲོང་ཁྱེར་སེམས་དྲོ་ཀུང་སིས“ཏང་དབུ་བརྙེས་པའི་བྱ་གཞག་རླབས་པོ་ཆེར་བསྔགས་བརྗོད་བྱེད། གཞུང་ཁོངས་ཁེ་ལས་ཀྱི་གཟི་བརྗིད་ངོམ”ཞེས་གཙོ་དོན་དུ་བྱས་པའི“བདུན་གཅིག”རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།

རིག་རྩལ་འཁྲབ་སྟོན་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་དང་། དེ་རྗེས་ཀུང་སི་དེའི་ལས་བཟོ་བ་ཚོས་གཅིག་རྗེས་གཉིས་མཐུད་དུ་གར་སྟེཊ་ཐོག་གླུ་གཞས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་དང་། ཞབས་བྲོ《ལྗིད་ཏིག་ཏིག》ཞེས་པ་སོཊ་ངོ་མཚར་ཆེ་བའི་ལེ་ཚན་13འཁྲབ་སྟོན་བྱས་པ་རེད། ཀུང་སི་དེའི་ཏང་ཨུད་གཞུང་དོན་ཁང(ལས་འཛིན་པའི་ལྷན་ཚོཊ)གི་དོ་དམ་པ་བློ་བཟང་བསྟན་འཛིན་གྱིས་ཐེངས་འདིའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་སྟངས་ཧ་ཅང་ཡག་པོ་བྱུང་སོང་། ཏང་ཡོན་དང་ལས་བཟོ་བ་རྣམས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ད་དུང་ཚང་མའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། གཟི་བརྗིད་ཀྱི་བསམ་པ་བཅས་ཀྱང་ཆེ་རུ་ཕྱིན་པར་མ་ཟད། ཕུཊ་བསམ་དང་དད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་སོང་། བྱེད་སྒོ་འདིས་སློབ་སྦྱོང་ལ་དམ་འཛིན་བྱེད་པ་དང་། བྱང་ཚད་མཐོ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་ཐད་སྐུལ་སློང་ཐུབ་ཡོད་ཅེས་བཤད།

ཚང་མས། སླད་ཕྱིན་ལས་སྒོའི་བྱང་ཚད་མཐོ་རུ་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། ལས་སྒྲུབ་ལས་གཏོད་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་པ་བཅས་བྱས་ཏེ། འབར་རླངས་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།

(སྟོབས་རྒྱལ་དང་།བྱང་ཆུབ་ཆོས་སྒྲོན།ཨོ་རྒྱན་ཚེ་རིང་བཅས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-30 6 6 拉萨日报藏文 c183648.html 1 /enpproperty-->