分享按钮

ནས་ཕྱིར་འཚོང་ཁ་གསབ་སྲིད་ཇུས་ཀྱིས་ནས་ཚོང་ཟོག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)ཞིང་དུད་རང་གིས་ཐོན་སྐྱེད་བྱས་པའི་ནས་ཚོང་ཟོག་ཅན་དུ་འགྱུར་ཚད་མགྱོགས་སུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་བཏང་སྟེ། ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་དང་གཉེར་སྐྱོང་བྱེད་པོའི་མ་གནས་ཉུང་བ་ནས་ཕན་འབྲས་ཆེ་རུ་གཏོང་བར་ཕན་པ་ཐོབ་པར་བྱ་ཆེད་ཡིན་ཞིང་། ནས་ཕྱིར་ཚོང་གི་ཁ་གསབ་སྲིད་ཇུས་ཀྱི་ཁ་གསབ་བྱ་ཡུལ་གཙོ་བོ་ནི་རང་གྲོང་གི་རྫོང(ཆུས)ཡོངས་དང་ནུས་པའི་གླིང་ཁུལ་གྱི་ཞིང་དུད་ཡིན་ལ། ཁ་གསབ་ཀྱི་ཚད་གཞི་ནི་ཞིང་དུད་ཀྱིས་ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་མཉམ་ལས་ཁང་ལ་རང་གི་ཐོན་སྐྱེད་བྱས་པའི་ནས་རྒྱ་མ་200(རྒྱ་མ་200ཚུད་པ)ཡན་ཐེངས་གཅིག་ལ་བཙོངས་པར་རྒྱ་མ་རེར་ཁ་གསབ་སྒོར་0.3(ཏུན་རེར་སྒོར་600)སྤྲོད་རྒྱུ་ཡིན་པ་རེད། ཁ་གསབ་ཀྱི་བརྒྱུད་རིམ་གཙོ་བོ་ནི་སྔོན་ལ་ཞིང་དུད་ཀྱིས་ཡིག་ཐོག་སྙན་ཞུ་འབུལ་བ་དང་དེ་རྗེས་གྲོང་ཚོ་རིམ་པའི་རང་བཤེར་དང་། ཤང་དང་། གྲོང་རྡལ། ཁྲོམ་གཞུང་། རྫོང་རིམ་པ་བཅས་ཀྱི་རིམ་པ་བཞིན་ཞིབ་བཤེར་བཅས་བྱས་ཏེ་ཞིབ་བཤེར་གྱི་ཚད་གཞི་ལོན་རྗེས་ཕྱིར་འཚོང་ཁ་གསབ་དེ“གཱ་གཅིག་ཀུན་འཐུས”ཀྱི་རྣམ་པའི་ཐོག་ནས་ཞིང་དུད་ལ་སྤྲོད་རྒྱུ་ཡིན་ཞེས་བཤད།

ཉེ་ཆར། གསར་འགོད་པར་ཆུ་ཤུར་རྫོང་ཆུ་ཕུ་གྲོང་ཚོའི་ཚོགས་ཆུང་1ཡུལ་མི་མཁས་གྲུབ་ཀྱིས་ཡུལ་མིའི་རོགས་རམ་འོག་རང་ཁྱིམ་གྱི་ནས་ཆུ་ཤུར་རྫོང་ཆུ་ཕུ་ཐར་པ་གླིང་ནས་ནག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་བཙོངས་པ་ཤེས་རྟོགས་བྱུང་བ་རེད། མཁས་གྲུབ་ཀྱིས་གསར་འགོད་པར་དེ་རིང་ངས་རང་ཁྱིམ་གྱི་ནས་ནག་རས་ཕད་30ལྷག་ཙམ་ཆུ་ཤུར་རྫོང་ཆུ་ཕུ་ཐར་པ་གླིང་ནས་ནག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་བཙོངས་པ་ཡིན། ད་ཆ་མཉམ་ལས་ཁང་གིས་ངའི་ཁྱིམ་གྱི་སྒོ་རྩར་ཉོ་སྒྲུབ་བྱེད་པར་ཡོང་བར་མ་ཟད། རྒྱ་མ་རེར་སྒོར་2.3སྤྲད་བྱུང་། ད་རེས་སླར་ཡང་སྲིད་ཇུས་གསར་པ་ཐོན་ནས་རྒྱ་མ་རེར་ཁ་གསབ་སྒོར་0.3གྱི་མང་བ་སྤྲད་ཀྱི་འདུག་པས་ཧ་ཅང་དགའ་པོ་བྱུང་། ད་ཆ་རིམ་ཁག་སྲིད་གཞུང་གིས་བཏོན་པའི་དམངས་ཕན་སྲིད་ཇུས་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པས་ང་ཚོས་ནས་འདེབས་འཛུགས་བྱེད་པའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང་བས་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-28 6 6 拉萨日报藏文 c183387.html 1 ནས་ཕྱིར་འཚོང་ཁ་གསབ་སྲིད་ཇུས་ཀྱིས་ནས་ཚོང་ཟོག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། /enpproperty-->