ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཕྲིན་ལན་སྤྲིངས་ཏེ།ཅིང་ཉིང་རྫོང་བཙུགས་ནས་ལོ་ངོ་40འཁོར་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཅིང་ཉིང་གི་གོང་འཕེལ་ཐད་ཐུགས་རེ་ནན་པོ་བཅོལ་བ་རེད།
ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ལོ་ངོ་40སོང་རིང་། ཅིང་ཉིང་རྫོང་གི་མི་རིགས་མཐུན་སྒྲིལ་དང་ཁྱད་ལྡན་གོང་འཕེལ་སོགས་ཀྱི་ཐད་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཅིང་། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཇེ་ཡག་ཏུ་ཕྱིན་ཡོད་པས། ང་རང་དགའ་ཚོར་ཆེན་པོ་བྱུང་ཞེས་འཁོད་ཡོད།
ཞི་ཅིན་ཕིང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་ཐོག ཕུལ་བྱུང་གི་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ། ཁྱད་ལྡན་བཟང་ཆ་འདོན་སྤེལ་བྱེད་པ། མི་རིགས་ས་ཁུལ་གྱི་སྤུས་མཐོའི་གོང་འཕེལ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཧྲེ་རིགས་ཀྱི་ཕ་ས་ཅིང་ཉིང་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社