分享按钮

རྨ་ཆུ་ཨུ་ལྷན་གྱིས་ཧོ་ནན་གྱི་ཐན་པ་འགོག་སྲུང་གི་འཕྲལ་སྡོམ་དང་ལེན་ དེ་རིམ་པ་IVལ་དམའ་རུ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ཀྲེང་ཀྲོའུ་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ།གསར་འགོད་པར་ཆུ་བེད་པུའི་རྨ་ཆུ་ཆུ་བེད་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ཟླ་6ཚེས་21ཉིན་གྱི་ཆུ་ཚོད་17པ་ནས་བཟུང་། རྨ་ཆུ་ཨུ་ལྷན་གྱིས་ཧོ་ནན་ཞིང་ཆེན་གྱི་ཐན་པ་འགོག་པའི་རིམ་པ་IIIཔའི་འཕྲལ་སྡོམ་དང་ལེན་དེ་རིམ་པ་IVཔར་ལེགས་སྒྲིག་བྱས་པ་རེད། ད་ལོའི་ཟླ་5པ་ནས་བཟུང་། ཧོ་ནན་ཞིང་ཆེན་དུ་དྲོད་ཚད་མཐོ་བ་དང་ཆར་པ་ཉུང་བས་ས་ཆ་ཁག་གཅིག་ཏུ་ཐན་པ་ཚབས་ཆེན་བྱུང་ཡོད། ཟླ་6ཚེས་14ཉིན་གྱི་ཆུ་ཚོད་17ནས་བཟུང་། ཧོ་ནན་ཞིང་ཆེན་ལ་དམིགས་ནས་རྨ་ཆུ་ཨུ་ལྷན་གྱིས་ཐན་པ་འགོག་སྲུང་རིམ་པ་IIIཔའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཡོད། ཉིན་ཤས་བསྟུད་མར། རྨ་ཆུ་ཨུ་ལྷན་གྱིས་ཐན་འགོག་དང་ཆུ་མཁོ་འདོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཐན་འགོག་གི་གནས་ཚུལ་འཕེལ་ཕྱོགས་ལ་དོ་ཁུར་ནན་པོ་བྱས་པ།གྲོས་མོལ་དང་། བརྡར་གཅོད་བཅས་བྱས་ཏེ་ཐན་འགོག་གི་དགོས་མཁོར་ཞིབ་བཤེར་ནན་ཏན་བྱས་པ། ཞའོ་ལང་ཏི་ཆུ་མཛོད་ཀྱི་ཆུ་གློད་ཚད་བསྟུད་མར་ཐེངས་7མང་དུ་བཏང་ནས་འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས)གྱི་ཐན་འགོག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད། མིག་སྔའི་བར། ཞའོ་ལང་ཏི་ཆུ་མཛོད་ནས་ཆུ་གློད་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ2200ཟིན་ནས་ཧོ་ནན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་ཐན་ཁུལ་གྱི་རྨ་ཆུ་འདྲེན་པའི་དགོས་མཁོ་སྤྱིར་ན་སྐོང་ཐུབ་ཡོད།དེའི་ཐོག་ས་ཁུལ་ཁག་གཅིག་ཏུ་ཆར་པ་བབས་པའི་བརྒྱུད་རིམ་ཐོན་ནས་མིག་སྔར་ཧོ་ནན་ཞིང་ཆེན་གྱི་ཐན་པའི་གནམ་གཤིས་ཚད་ངེས་ཅན་གྱི་ཐོག་ནས་ཞི་ལྷོད་དུ་ཕྱིན་ཡོད་པ་རེད། མིག་སྔར། རྨ་ཆུའི་སྨད་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཐན་པ་སྔར་བཞིན་རྒྱུན་མཐུད་བྱེད་བཞིན་ཡོད་པས་རྨ་ཆུ་ཨུ་ལྷན་གྱིས་འབྲེལ་ཡོད་ཚན་པ་ཁག་ལ་ཆར་ཆུ་དང་།ཆུ་ཚད།བརླན་ཚད།ཐན་པ་བཅས་ལ་མུ་མཐུད་ལྟ་ཞིབ་ནན་པོ་བྱས་ཏེ་རྨ་ཆུ་གློད་པའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ནས་ཞིང་ཆུ་འདྲེན་པའི་ཆུ་སྤྱོད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།ཆུ་མཁོ་སྤྲོད་འགན་ལེན་བྱ་ཐབས་ཁག་ཞིབ་ཚགས་དང་དངོས་སུ་ལག་བསྟར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཐུང་ཆུའི་བདེ་འཇགས་འགན་ལེན་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་དང་ཕྱུགས་རིགས་ཆེ་གྲས་ཀྱི་ཆུ་སྤྱོད་བདེ་འཇགས་འགན་ལེན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞིང་ཆུ་འདྲེན་ཁུལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་ཆུ་སྤྱོད་འགན་ལེན་བྱས་ནས་ཐན་པའི་གནོད་འཚེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-23 6 6 拉萨日报藏文 c183166.html 1 རྨ་ཆུ་ཨུ་ལྷན་གྱིས་ཧོ་ནན་གྱི་ཐན་པ་འགོག་སྲུང་གི་འཕྲལ་སྡོམ་དང་ལེན་ དེ་རིམ་པ་IVལ་དམའ་རུ་བཏང་བ། /enpproperty-->