分享按钮

གྲོང་ཁྱེར་སྲིད་གཞུང་གིས་སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་གཏུགས་སྤེལ་རེས་ཚོགས་འདུ་དང་ཁེ་ལས་ཀྱི་སྣེ་ལེན་ཉིན་མོའི་བྱེད་སྒོ་སྤེལ་བ།

ཝང་ཆང་གིས་གསུང་བཤད་གནང་བ་དང་། ཁྲེན་ཅིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་20ཉིན། གྲོང་ཁྱེར་སྲིད་གཞུང་གིས་སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་གཏུགས་སྤེལ་རེས་ཚོགས་འདུ་འཚོགས་པ་དང“ཁེ་ལས་ཀྱི་སྣེ་ལེན་ཉིན་མོའི”བྱེད་སྒོ་སྤེལ་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་རང་གྲོང་གི་ཁེ་ལས་མཁས་ཅན་གྱི་འཐུས་མི་16དང་ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་གཏུགས་སྤེལ་རེས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་དམངས་འཚོར་ཕན་པའི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་ཚན་8ལ་དམིགས་ནས་བཏོན་པའི་ཁེ་ལས་ཀྱི་བསམ་འཆར་དང་། ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ། སྲིད་གཞུང་གི་ལས་དོན་བཅས་ཀྱི་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོར་ནན་ཏན་གྱིས་གསན་ནས་ཡུལ་དངོས་སུ་དོགས་གཞིར་ལན་བཏབ་པ་དང་ཐེ་ཚོམ་བསལ་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག རྒུ་རུམ་སྤ་རྭ་རྩམ་པ་དང་། བདུད་རྩི་རྟགས་ཅན་བོད་སྨན། ཀུན་མཐུན་ས་ཁང་བདག་ཁོངས།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-22 ཝང་ཆང་གིས་གསུང་བཤད་གནང་བ་དང་། ཁྲེན་ཅིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c183133.html 1 གྲོང་ཁྱེར་སྲིད་གཞུང་གིས་སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་གཏུགས་སྤེལ་རེས་ཚོགས་འདུ་དང་ཁེ་ལས་ཀྱི་སྣེ་ལེན་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->