(པར་ངོས་དང་པོར་མཐུད)མངོན་འགྱུར་བྱེད་པའི་འགག་སྒྲོལ་ཡག་པོ་བྱས་ཏེ་དམག་དཔུང་སྟོབས་ལྡན་གྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཞི་ཅིན་ཕིང་ཀྲུང་གོའི་ཡན་ཨན་ལས་བྱེད་པའི་སློབ་གླིང་དུ་ཕེབས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་ཚོཊ་འདུའི་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་།ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་ཚོཊ་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་།ཁོང་གིས་ཏང་གི་ཚོཊ་ཆེན་བཅོ་བརྒྱད་པ་འཚོཊ་ཚུན།ཏང་ཀྲུང་དབྱང་གིས་བློ་ཐག་ཆོད་པོས་ཀུའུ་ཐེན་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོཊ་འདུ་འཚོཊ་ནས་ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་དག་ཐེར་སྦྱོང་བརྡར་ལ་སྐུལ་འདེད་བཏང་བ་དང་།བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་སྐྱོང་བྱས་པས་ཆོད་སེམས་དང་ཤུགས་ཚད་སྔར་བྱུང་མྱོང་མེད་ལ་དུས་རབས་གསར་པའི་ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད།གལ་ཏེ་ཆབ་སྲིད་ཐོག་ནས་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་མ་བྱས་ན་དུས་རབས་གསར་པའི་མི་དམངས་དམག་དཔུང་ལ་འཕོ་འགྱུར་རླབས་པོ་ཆེནཡོང་མི་སྲིད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཏང་གི་ཚོཊ་ཆེན་བཅོ་བརྒྱད་པ་འཚོཊ་ཚུན།ང་ཚོས་ཆབ་སྲིད་ཐོག་ནས་དམག་དཔུང་འཛུཊ་སྐྱོང་གི་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དུས་རབས་གསར་པའི་ཆབ་སྲིད་ཐོག་ནས་དམག་དཔུང་འཛུཊ་སྐྱོང་གི་ཐབས་ཇུས་ཆགས་པ་དང་།ཆབ་སྲིད་ཐོག་ནས་དམག་དཔུང་འཛུཊ་སྐྱོང་ནི་མི་དམངས་དམག་དཔུང་གི་དམག་དཔུང་འཛུཊ་པའི་རྩ་བ་ཡིན་པ་གསལ་པོར་ཤེས་པ་དང་།ཆབ་སྲིད་ཀྱི་ལས་དོན་ནི་ནམ་ཡང་རང་དམག་གི་སྲོག་རྩ་ལྟ་བུ་ཡིན་པ་གསལ་པོར་ཤེས་པ།ཆབ་སྲིད་ཐོག་ནས་དག་ཐེར་དང་སྦྱོང་བརྡར་བྱ་རྒྱུ་ནི་ཆབ་སྲིད་ཐད་ཀྱི་རྩ་བ་དག་སེལ་མངོན་གསལ་དོད་པོས་བྱེད་དགོས་པ་གསལ་པོར་ཤེས་པ།བསམ་བློའི་འགོ་ཁྲིད་ཁོང་དུ་ཆུད་པ་ནི་འགོ་ཁྲིད་མཐའ་དག་ཁོང་དུ་ཆུད་པའི་རྨང་གཞི་ཡིན་པ་གསལ་པོར་ཤེས་པ།ཏང་གི་སྟོབས་ཤུཊ་ནི་རྩ་འཛུཊ་དང་།དམག་དཔུང་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་གི་ནུས་པ་རྩ་འཛུཊ་ལས་བྱུང་བ་གསལ་པོར་ཤེས་པ།མེ་མདའ་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བློས་འགེལ་ཆོག་པའི་མིའི་ལག་ཏུ་འཛིན་དགོས་པ་གསལ་པོར་ཤེས་པ།གཟབ་ནན་གྱིས་གཞི་ནས་རྩ་འཛིན་སྒྲིག་ཁྲིམས་ཡོ་བསྲང་དང་།གཟབ་ནན་གྱིས་གཞི་ནས་དམག་དཔུང་གི་སྙན་གྲགས་དག་སེལ་བྱེད་པ།གཟབ་ནན་གྱིས་གཞི་ནས་འཐབ་འཛིང་གི་ནུས་པ་ཐོན་དགོས་པ་བཅས་གསལ་པོར་ཤེས་པ།དམག་དཔུང་ནང་རུལ་སུངས་པ་ཡིབ་པའི་ས་ཆ་མེད་དགོས་པ་གསལ་པོར་ཤེས་པ།སྤྱོད་ཚུལ་བཟང་པོས་གཞི་ནས་དཔའ་བོའི་དཔུང་སྡེ་འཛུཊ་སྐྱོང་ཐུབ་པ་གསལ་པོར་ཤེས་པ།དམག་སྲིད་དང་དམག་དམངས་མཐུན་སྒྲིལ་ནི་རང་དམག་ལ་རྒྱལ་ཁ་ཐོབ་པའི་ཐབས་མཆོག་ཡིན་པ་གསལ་པོར་ཤེས་པ།དུས་རབས་གསར་པའི་ཆབ་སྲིད་ཀྱི་དམག་དཔུང་འཛུཊ་སྐྱོང་གི་ཐབས་ཇུས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ལག་བསྟར་བྱེད་དགོས་པར་མ་ཟད།ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོཊ་སུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་གི་གནས་ཚུལ་དང་།རྒྱལ་ཁབ་ཀྱི་གནས་ཚུལ།ཏང་གི་གནས་ཚུལ།དམག་དོན་གྱི་གནས་ཚུལ་བཅས་ཚང་མར་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་།རང་དམག་ལ་ཆབ་སྲིད་ཐད་འཕྲད་པའི་ཉམས་སད་རྙོག་འཛིང་ཆེ་བ་ཞིག་ཡོད།ཆབ་སྲིད་ཐོག་ནས་དམག་དཔུང་འཛུཊ་སྐྱོང་གི་དུས་རབས་ཀྱི་བླང་བྱར་དམ་འཛིན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཐོག་ནས་དམག་དཔུང་འཛུཊ་སྐྱོང་ལ་སྐུལ་འདེད་བཏང་ནས་མི་དམངས་དམག་དཔུང་གི་ངོ་བོ་དང་དམིཊ་ཡུལ་ནམ་ཡང་རྒྱུན་འཁྱོངས་དང་།ཐོག་མཐའ་བར་གསུམ་དུ་འཐབ་ཕོད་ལ་རྒྱལ་ངེས་པ།ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ།ཐོག་མཐའ་བར་གསུམ་དུ་ཤེས་ལྡན་པ་མང་པོ་ཐོན་པ།ཐོག་མཐའ་བར་གསུམ་དུ་དྭངས་གཙང་གཟི་བརྗིད་ལྡན་པ།ཐོག་མཐའ་བར་གསུམ་དུ་ཁྲིམས་ལུགས་དང་སྒྲིག་ཁྲིམས་ནན་པོ་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱས་ཏེ་དུས་རབས་གསར་པའི་ཆ་རྐྱེན་འོག་རང་དམག་གི་ཆབ་སྲིད་ཀྱི་དགེ་མཚན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མིག་སྔའི་ཆབ་སྲིད་དམག་དཔུང་འཛུཊ་སྐྱོང་བྱེད་སྐབས་ཐག་གཅོད་བྱེད་དགོས་པའི་གཏིང་ཟབ་པའི་འགལ་བ་དང་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་དགོས།ཁོང་གིས་གནད་དོན་དེ་དག་ཆབ་སྲིད་དང་།བསམ་བློ།རྩ་འཛུཊ།སྤྱོད་ཚུལ་དང་སྒྲིག་ཁྲིམས་སོགས་ཀྱི་ཐད་ནས་མཚོན་པ་དང་།རྩ་བ་ནི་ཕུགས་བསམ་ཀྱི་དད་སེམས་དང་།ཏང་གཤིས་བློ་སྦྱོང་།དཔོན་རིགས་ཀུན་སྤྱོད་དང་མི་གཤིས་བཅས་ཀྱི་ཐོག་གནས་ཡོད།རིམ་པ་ཁག་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་ཉིད་ནས་འགོ་བཙུགས་ཏེ་ངོ་ཚ་དོར་བ་དང་།སྐྱོན་མཚང་འདྲུ་བའི་སྙིང་སྟོབས་དང་།རྩ་བ་སྔོག་པ་དང་བླ་སྲོག་འགུལ་བའི་རྣམ་འགྱུར་གྱི་ཐོག་ནས་བསམ་ཞིབ་གཏིང་ཟབ་དང་དག་ཐེར་ནན་ཏན་བྱས་ཏེ།བསམ་བློའི་གཞི་རྩའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཆབ་སྲིད་ཐོག་ནས་དམག་དཔུང་འཛུཊ་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཆབ་སྲིད་ཐོག་ནས་དམག་དཔུང་འཛུཊ་སྐྱོང་ལ་སྐུལ་འདེད་གཏོང་བར་ཕྱོགས་དྲུག་གི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།དང་པོ།བསམ་བློ་སྒྱུར་བཀོད་བྱེད་པའི་རང་རྟོགས་ཀྱི་རང་བཞིན་དང་གཏིང་ཟབ་པའི་རང་བཞིན་ཇེ་ཆེར་གཏོང་དགོས།ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་དྲག་ཆས་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་མ་རྩོམ་ཀློག་ནས་རྩ་བའི་རིགས་པ་རྟོགས་རྒྱུ་མཐའ་འཁྱོངས་དང་།ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་།ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་བྱེད་པ།མཐོ་རིམ་ལས་བྱེད་པར་སྔོན་ལ་སློབ་གསོ་ཐོབ་པ་མཐའ་འཁྱོངས་བཅས་བྱས་ཏེ་རང་དམག་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཁྲིད་སྟོན་བརྟན་པོ་འཛུཊ་དགོས།གཉིས་པ།ཏང་རྩ་འཛུཊ་ཀྱི་འགོ་ཁྲིད་ནུས་པ་དང་།རྩ་འཛུཊ་ཀྱི་ནུས་པ།ལག་བསྟར་གྱི་ནུས་པ་བཅས་ཆེ་རུ་གཏོང་དགོས།ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་རྟོགས་ནུས།ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་ཆེར་གཏོང་བ་དང་།དམག་གྲབས་དང་དམག་རྒྱག་པའི་ནུས་པ་ཆེ་རུ་གཏོང་བ།ཏང་གི་འགོ་ཁྲིད་དེ་དམག་གྲབས་དང་དམག་རྒྱག་པའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་པ།དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་པོ་དང་།ཏང་ཨུད་ཀྱི་དོན་གྲོས་དང་ཐབས་ཇུས་ལམ་སྲོལ་ལེགས་སུ་གཏོང་བ།ཐབས་ཇུས་གལ་ཆེན་ལ་བློ་འདྲི་དང་དཔྱད་དཔོག་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་དགོས།ཏང་ཨུད་ཧྲུའུ་ཅིས་ཏང་དོ་དམ་དང་ཏང་སྐྱོང་གི་འགན་འཁུར་མཁན་དང་པོའི་འགན་འཁྲི་ཤུགས་ཆེ་རུ་གཏོང་དགོས།གསུམ་པ།ལས་བྱེད་པའི་དཔུང་ཁག་འཛུཊ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།དུས་རབས་གསར་པའི་ཏང་གི་རྩ་འཛུཊ་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་།དམག་དཔུང་གི་ལས་བྱེད་པ་ཡག་པོ་ཡིན་པའི་ཚད་གཞི་ཆ་ཚང་བ་དང་གནད་ལ་འཁེལ་བའི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ་ཚད་གཞི་དེ་ལས་བྱེད་པའི་ལས་ཀའི་ལྷུ་ཚིགས་ཁག་ཏུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས།ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ལས་ཀ་ལེགས་བཅོས་བྱས་ནས་བྱ་བ་ཤེས་རྟོགས་དང་མི་རྒྱུས་ལོན་པའི་ནུས་པ་དང་གནད་ལ་འཁེལ་ཚད་མཐོ་རུ་གཏོང་དགོས།སྦྲེལ་ལམ་ཡོངས་ཀྱི་འཛུཊ་སྐྲུན་དམ་འཛིན་གྱི་འདུ་ཤེས་ལག་བསྟར་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་དུ་བརྩིས་ནས་ལས་བྱེད་པའི་དཔུང་ཁག་འཛུཊ་སྐྱོང་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།བཞི་པ།རུལ་སུངས་འབྱུང་བའི་ས་རྒྱུ་དང་ཆ་རྐྱེན་མེད་པར་བཟོ་དགོས།ནན་པོའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་།རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱས་ཏེ་ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་།སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི།ལས་རིགས་སྡེ་ཁག་གི་སྲིད་གཙང་གཙོ་གཉེར་འགན་འཁྲི་བཅས་ཟབ་ཏུ་སྦྲེལ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཏིང་ཟབ་ཚད་རྒྱ་ཆེ་རུ་གཏོང་དགོས།དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ལ་ཆད་གཅོད་བྱེད་པའི་ལག་ཆ་ཕུན་སུམ་ཚོཊ་སུ་གཏོང་བ།མཐོ་རིམ་ལས་བྱེད་པས་འགན་འཁྲི་སྒྲུབ་པའི་དབང་ཆ་སྤྱོད་པར་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།ལྔ་པ།ལས་སྒྲུབ་དང་བྱ་གཞག་གསར་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས།ཚན་རིག་དང་མཐུན་པའི་སྲིད་དོན་བྱས་རྗེས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཛུཊ་པ་དང་།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གསལ་ཐོའི་འགུལ་རྣམ་གསར་བརྗེས་བྱས་ཏེ།མང་པོ་ལྔ་ཡོ་བསྲང་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས།དམག་མིའི་ཐོབ་ཐང་འགན་ལེན་སོགས་སྲིད་ཇུས་ལམ་ལུགས་ཀྱི་མཐའ་མའི་འགག་གནད་དོན་འཁྱོལ་བྱེད་པ་དང་།དངོས་དངོས་རྗེན་རྗེན་གྱི་ཐོག་ནས་གཞི་རིམ་གྱི་དཀའ་ངལ་སེལ་རོགས་བྱས་ནས་དཔོན་དམག་གི་ཐོབ་སྣང་དང་གཏོགས་སྣང་ཆེ་རུ་གཏོང་དགོས།དྲུག་པ།ཆབ་སྲིད་ལས་ཀའི་སྲོལ་རྒྱུན་བཟང་པོ་སླར་གསོ་དང་དར་སྤེལ་གཏོང་དགོས།དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་།ལག་ལེན་དངོས་ནི་ཁ་ནས་བཤད་པའི་སློབ་སྟོན་ལས་ལེགས་པ་མཐའ་འཁྱོངས་བྱས་ཏེ།རིམ་པ་ཁག་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་བྱས་ཏེ་སྤྱོད་ཚུལ་དང་གཟུགས་བརྙན་བཟང་པོ་ལ་བརྟེན་ནས་དམག་དཔུང་ལ་སྐུལ་སློང་དང་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཆབ་སྲིད་དམག་དཔུང་འཛུཊ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་དམག་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་ཞིང་།དམག་དོན་ཨུ་ལྷན་གྱིས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་།དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་པུའུ་དང་།སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན།སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས།སྡེ་ཚན་ཁག་དང་ཚན་པ་ཁག་གིས་འགན་འཁྲི་སྒྲུབ་པ་དང་།ཆབ་སྲིད་དམག་དཔུང་འཛུཊ་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་ནས་རང་རེའི་ཏང་གིས་འགོ་ཁྲིད་བྱེད་པའི་དཔའ་བོའི་དམག་དཔུང་དེ་སྔར་བས་འགྱུར་མེད་སྟོབས་ལྡན་དུ་བཏང་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་དམག་དཔུང་བཙུགས་ནས་ལོ་100འཁོར་བར་བསུ་བ་ཞུ་དགོས་པའི་ནན་གསུངས་གནང་བ་རེད།
ཐེངས་འདིའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་ཚོཊ་འདུ་ནི་ཞི་ཅིན་ཕིང་དངོས་སུ་ཐག་བཅད་ནས་སྐོང་འཚོཊ་བྱས་པ་ཞིག་རེད།ཚོཊ་འདུའི་ཐོག་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིཊ་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཆབ་སྲིད་དམག་དཔུང་འཛུཊ་སྐྱོང་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་དང་།ཧོ་ཝེ་ཏུང་།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཨུ་ཡོན་ལིའུ་ཀྲེན་ལི་དང་།མེའོ་ཧྭ།ཀྲང་ཧྲེང་མིང་བཅས་ཚོཊ་འདུར་ཞུགས་ཡོད།དམག་དོན་ཨུ་ལྷན་ལས་ཁུངས་ཀྱི་པུའུ་ཨུད་ཁག་དང་།དམག་དོན་ཨུ་ལྷན་གྱི་ཐད་གཏོགས་ལས་ཁུངས་ཁག དམག་དོན་ཨུ་ལྷན་མཉམ་འབྲེལ་བཀོད་འདོམས་ལྟེ་གནས།དམག་ཁུལ་ཁག དམག་རིགས་ཁག དམག་དོན་ཨུ་ལྷན་གྱི་ཐད་གཏོགས་སྡེ་ཚན་ཁག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོཊ་འདུར་ཞུགས་ཡོད་པ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社