分享按钮

ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་ཚོགས་འདུ་ཡན་ཨན་དུ་འཚོགས་པ།

ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཚེས་17ནས་ཚེས་19ཉིན་བར།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་ཚོགས་འདུ་ཧྲའན་ཞི་ཡན་ཨན་དུ་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།པར་འདི་ནི་ཚེས་17ཉིན་གྱི་ཕྱི་དྲོར།ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚོགས་བཞུགས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བའི་གནས་ཚུལ་ཡིན་པ།

ཚེས་17ནས་ཚེས་19ཉིན་བར།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་ཚོགས་འདུ་ཧྲའན་ཞི་ཡན་ཨན་དུ་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།པར་འདི་ནི་ཚེས་17ཉིན་གྱི་ཕྱི་དྲོར།ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཡན་ཨན་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ།ཚེས་17ནས་ཚེས་19ཉིན་བར།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་ཚོཊ་འདུ་ཧྲའན་ཞི་ཡན་ཨན་དུ་འཚོཊ་པ་རེད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོཊ་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།ཞི་ཅིན་ཕིང་གིས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་།དུས་རབས་གསར་པའི་ཆབ་སྲིད་ཐོག་ནས་དམག་དཔུང་འཛུཊ་སྐྱོང་གི་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱེད་པ།ཆབ་སྲིད་ཐོག་ནས་དམག་དཔུང་འཛུཊ་སྐྱོང་གི་དུས་རབས་ཀྱི་བླང་བྱར་དམ་འཛིན་བརྟན་པོ་བྱེད་པ།དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིཊ་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་དམིཊ་ནས།རང་ཉིད་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་པར་དར་སྤེལ་དང་།ཆབ་སྲིད་ཡོ་བསྲང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ།ཆབ་སྲིད་བརྟན་པོ་དང་ནུས་པ་ཆེ་བའི་ཏང་རྩ་འཛུཊ་གཏོད་པ།བློ་དཀར་དང་།དྭངས་གཙང་།འགན་འཁྲི་འཁུར་བ་དང་དམག་དཔུང་སྟོབས་ལྡན་གྱི་ལས་འགན་ལྕི་བའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གཏོད་པ་བཅས་བྱས་ཏེ།དམག་དཔུང་སྟོབས་ལྡན་གྱི་བྱ་གཞག་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

མཆོད་རྟེན་རི་བོའི་འོག་དང་ཡན་ཧོ་ཆུའི་འགྲམ་དུ་གསར་བརྗེའི་གནས་མཆོག་ཡན་ཨན་ནི་རྩྭ་རྩི་ཤིང་གིས་བཏུམས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཡོད།ཚེས་17ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3ཙམ་ལ་ཞི་ཅིན་ཕིང་གིས་དམག་དོན་ཨུ་ལྷན་གྱི་དཔུང་ཁག་གཅིག་དང་སྡེ་ཚན་ཁག་དང་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོའི་སྣེ་ཁྲིད་དེ་ཝང་ཅ་ཕིང་གསར་བརྗེའི་གནས་ཡུལ་རྙིང་པར་གཟིཊ་པར་ཕེབས་ཡོད།ཝང་ཅ་ཕིང་ནི་1937ལོའི་ཟླ་8པ་ནས་1947ལོའི་ཟླ་3པའི་བར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཅའ་སྡོད་བྱ་ཡུལ་ཡིན་ལ།ཡན་ཨན་དུས་སྐབས་ཀྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་འདོམས་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་གྲོས་ཚོཊ་ཁང་དུ་ཞི་ཅིན་ཕིང་གིས་འགྲེལ་བཤད་ལ་ནན་ཏན་ངང་གསན་པ་དང་།ཡན་ཨན་དུས་སྐབས་ཀྱི་གཡུལ་འགྱེད་གལ་ཆེན་གྱི་འཁོར་སྐྱོད་གྲ་སྒྲིག་བཀོད་འདོམས་གནས་ཚུལ་མཚོན་པའི་ལོ་རྒྱུས་ཀྱི་དཔེ་རིས་ལ་གཟིཊ་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་འགོ་ཁྲིད་ཀྱི་བློ་གྲོས་དང་སྒྱུ་རྩལ་ལ་མཁྱེན་རྟོགས་གནང་བ་རེད།ཞི་ཅིན་ཕིང་མའོ་ཙེ་ཏུང་དང་།ཀྲོའུ་ཨེན་ལའེ།ཀྲུའུ་ཏེ་སོགས་གསར་བརྗེ་པ་རྒན་རབས་ཀྱི་བཞུགས་གནས་རྙིང་པར་ཕེབས་ནས་ཡན་ཨན་དུ་གསར་བརྗེ་པ་རྒན་རབས་ཚོའི་གསར་བརྗེའི་ལོ་རྒྱུས་ལ་བསྐྱར་དྲན་གནང་བ་དང་ཁོང་ཚོའི་བྱས་རྗེས་རླབས་ཆེན་ལ་དྲན་གསོ་ཞུས་པ་རེད།ཁམ་བུའི་སྐྱེད་ཚལ་ཐང་ཆེན་བརྒྱུད་སྐབས་ཞི་ཅིན་ཕིང་གིས་ཧྲའན་ཀན་ཉིང་མཐའ་མཚམས་ས་ཁུལ་དུ་གསར་གཏོད་རང་བཞིན་གྱི་སྒོ་ནས་གཉིས་བཀུར་ལས་འགུལ་སྤེལ་བའི་གནས་ཚུལ་ལ་མཁྱེན་རྟོགས་གནང་ནས་ཚང་མ་དང་མཉམ་དུ་དེ་སྔོན་གྱི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་ཁེངས་པའི་འཐབ་འཛིང་གི་འཚོ་བ་ལ་ཕྱིར་དྲན་གནང་བ་རེད།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཚོཊ་ཁང་དུ་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འདྲ་པར་ལ་གཟིཊ་པ་དང་།ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་ལ་འགོ་ཁྲིད་གནང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་གནང་ཡོད།ཞི་ཅིན་ཕིང་གིས་ལོ་10ཡི་གོང་ང་ཚོ་ཀུའུ་ཐེན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོཊ་འདུ་འཚོཊ་པར་ཕེབས་ཤིང་།དེ་རིང་ང་ཚོ་ཡན་ཨན་དུ་དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་ཚོཊ་འདུ་འཚོཊ་ནས་སླར་ཡང་འབྱུང་རྩ་འཚོལ་བར་ཕེབས་ཡོད།དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་གྱི་མདུན་ལམ་འོད་ཟེར་ལྡན་པ་དང་ལས་འགན་དཀའ་ཚེགས་ཆེ་བ་ཞིག་ཡིན།དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པས་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས་སྣེ་ཁྲིད་དེ་ཡན་ཨན་སྙིང་སྟོབས་དར་སྤེལ་དང་སྣེ་ཁྲིད་དེ་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་།ཏང་དང་མི་དམངས་ཀྱིས་སྤྲད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཁུར་བ།རྒྱ་ཆེའི་དཔོན་དམག་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིཊ་ཚད།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-21 ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 6 6 拉萨日报藏文 c183118.html 1 ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་ཚོགས་འདུ་ཡན་ཨན་དུ་འཚོགས་པ། /enpproperty-->