ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་19ཉིན།ལྷ་ས་གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའུ་དང་།ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས(གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས)ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཚན་པ་གསུམ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་ཁག་སོ་སོའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་གསར་དུ་བཙུགས་པའི་ཚན་པ་ཞིག་ཡིན་པའི་ངོས་ནས་སྤྱི་ཚོགས་ལས་དོན་པུའུ་ཡིས་དར་ཆ་གསལ་སྒྲེང་གི་ཐོག་ནས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དང་།བློ་བརྟན་འགྱུར་མེད་ངང་གཏན་འཁེལ་གཉིས་ལ་བརྩི་སྲུང་ཞུ་རྒྱུ།བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱ་རྒྱུ་བཅས་ཆེས་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་ལས་དོན་ཚང་མར་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཆབ་སྲིད་ཀྱི་ཤུགས་རྐྱེན། ཆབ་སྲིད་ཀྱི་ཕན་འབྲས་བཅས་ཡག་པོ་ཡོང་བར་བྱས་ཏེ།སྤྱི་ཚོགས་ཀྱི་ལས་དོན་གྱི་འགན་འཁྲི་གསར་པ་མཐའ་གཅིག་ཏུ་འཁུར་དགོས། རྨང་གཞི་བརྟན་དུ་བཏང་ནས་ཕན་ནུས་ཆེ་རུ་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ།ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་དང་། མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར། དང་བླངས་ཞབས་ཞུ།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社