分享按钮

རང་གྲོང་དུ་སྟབས་བདེའི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ཆུང་གྲས་སྤྱོད་འགོ་ཚུཊ་པས་འགྲོ་སྐྱོད་ཐད་དེ་བས་སྟབས་བདེར་ཕྱིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་14ཉིན། རང་གྲོང་གི་སྤྱི་སྤྱོད་རླངས་འཁོར་གྱི་ཁྱིམ་ཚང་ཆེན་མོའི་ནང་སྤྱི་སྤྱོད་རླངས་འཁོར་ཆུང་གྲས་ཤིག་འབྱོར་ཞིང་། གློག་སྒུལ་རྐྱང་བའི་སྤྱི་སྤྱོད་རླངས་འཁོར་ཆུང་གྲས་དེ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེས་རང་གྲོང་གི་སྤྱི་སྤྱོད་རླངས་འཁོར་མ་ལག་སྔར་བས་ལེགས་སུ་དང་འཐུས་ཚང་དུ་ཕྱིན་པར་མ་ཟད། གྲོང་མི་རྣམས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་དང་ཁོར་ཡུག་སྲུང་སྐྱོང་གི་གདམ་ག་དེ་བས་ལེགས་པ་བྱུང་ཡོད།

ཉིན་དེའི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་གསར་འགོད་པས་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྒྱལ་སྒོ་ནས་སྤྱི་སྤྱོད་རླངས་འཁོར་ཆུང་གྲས་གསར་པ་ཁག་གཅིག་གྲལ་བསྒྲིགས་ནས་འགྲོ་བཞིན་ཡོད་པ་དང་མང་ཚོགས་མི་ཉུང་བ་ཞིག་གིས་ལྟད་མོར་ལྟ་བཞིན་ཡོད་པ་མཐོང་བྱུང་། སྤྱི་སྤྱོད་རླངས་འཁོར་ཆུང་གྲས་དེའི་ཕྱི་ངོས་སྙིང་རྗེ་ཞིང་། སྤྱིའི་རིང་ཚད་ལ་སྨི་6ཡོད་པ་དང་། དེའི་ནང་དུ་འགྲུལ་པའི་སྡོད་ས་10ཡོད་པ། མི་24ཤོང་གི་ཡོད། རླངས་འཁོར་ནང་གི་མཛེས་རྒྱན་སྙིང་རྗེ་བ་དང་། དངུལ་བླུག་ས་དང་། གཱ་འདྲད་ས། ཆང་བཅུད་ཞིབ་དཔྱད་ཚད་ལེན་འཕྲུལ་ཆས་སོགས་ཚང་མ་འཛོམས་ཡོད་པས་སྲོལ་རྒྱུན་སྤྱི་སྤྱོད་རླངས་འཁོར་གྱི་ནུས་པ་ལྡན་པར་མ་ཟད། སྟབས་བདེའི་རང་བཞིན་དང་། ཁོར་ཡུག་སྲུང་སྐྱོང་གི་རང་བཞིན་སོགས་ཀྱི་ཐད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུ་ཁྲོམ་གཞུང་དང་སྲང་ལམ་ཆུང་ཆུང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182792.html 1 རང་གྲོང་དུ་སྟབས་བདེའི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ཆུང་གྲས་སྤྱོད་འགོ་ཚུཊ་པས་འགྲོ་སྐྱོད་ཐད་དེ་བས་སྟབས་བདེར་ཕྱིན་པ། /enpproperty-->