分享按钮

བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཞུན་བརྡར་མདུན་སྐྱོད་བྱས་ཏེ་གཟི་བརྗིད་ལྡན་པའི་ལེའུ་གསར་པ་རྩོམ་དགོས།

ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་མཛུབ་སྟོན་དགོངས་དོན་ལ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་12ཉིན་གྱི་སྔ་དྲོར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་གྲོང་གི་སྟོད་ལུང་བདེ་ཆེན་ཆུས་དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་བ་རེད།ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཝང་ཅུན་ཀྲེང་གིས་ཁྲལ་སྲུང་ཟོག་འགྲེམས་དང་།ཁེ་ལས་བཅའ་སྡོད།ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་འབྲེལ་ཡོད་སྡེ་ཚན་ལ་མཛུབ་སྟོན་དང་བླང་བྱ་རབ་དང་རིམ་པ་བཏོན་གནང་བ་རེད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ལས་བྱེད་པ་དང་ལས་བཟོ་བ་ཚོས་རང་སོ་སོའི་ལས་གནས་ལ་གཞི་ཚུགས་ནས་སྙིང་སྟོབས་རྒྱས་པ་དང་། ཞུམ་མེད་ཀྱི་འབད་འཐབ། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་འབད་བརྩོན་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ཏེ་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་གསུངས་གནང་དོན།གཞི་རིམ་ལ་དམ་འཛིན་ཆེན་པོ་དང་རྨང་གཞིར་དམ་འཛིན་ཆེན་པོ་བྱེད་པའི་ཁྲིད་སྟོན་ཁ་གསལ་འཛུགས་དགོས་པ་དང་། ཡུལ་བབ་དང་བསྟུན་པ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-17 ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་མཛུབ་སྟོན་དགོངས་དོན་ལ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c182873.html 1 བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཞུན་བརྡར་མདུན་སྐྱོད་བྱས་ཏེ་གཟི་བརྗིད་ལྡན་པའི་ལེའུ་གསར་པ་རྩོམ་དགོས། /enpproperty-->