ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་མ་ཕོ་ལྟེ་བའི་སློབ་ཆུང་གི་དགེ་སློབ་ཚོས་མཉམ་དུ་སྤྲིན་སྣེའི་ཐོག་ནས“ཅིང་བོད་ལག་གདང་སྦྲེལ་ནས་སློབ་གསོར་ཞིབ་འཇུག་དང་།དྲ་ཐོག་ནས་སྤེལ་རེས་ཀྱིས་མི་སྣ་གསོ་སྐྱོང”བྱེད་པའི“དྲ་གཅིག་སློབ་གྲོགས”ཀྱི་བྱེད་སྒོ་སྤེལ་ནས་དྲ་ཐོག་ནས་སློབ་ཚན་ཁྲིད་པ་བརྒྱུད་པེ་ཅིང་དང་ལྷ་ས་ས་ཁུལ་གཉིས་ཀྱི་སློབ་མའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།
བྱེད་སྒོའི་ནང་ལྷ་ས་དང་པེ་ཅིང་གི་དགེ་རྒན་ལི་ཞོན་ཨང་དང་ཁྲེན་མིང་དབྱི། དེ་བཞིན་ས་གནས་གཉིས་ཀྱི་དབྱིན་ཡིག་ཚོགས་ཆུང་གི་དགེ་རྒན་ཚོས་ཕྲུ་གུ་ཚོར་ངོ་མཚར་ཆེ་བའི་ཞིབ་འཇུག་འགྲེམས་སྟོན་གྱི་སློབ་ཚན་ཞིག་འཚོགས་པ་དང་ཁོང་ཚོས་གསོན་ཉམས་ལྡན་པའི་སྐད་ཆ་དང་ཕུན་སུམ་ཚོགས་པའི་སློབ་ཁྲིད་ཀྱི་བྱ་ཐབས་ཐོག་ནས་ལྷ་སའི་ཕྲུ་གུ་ཚོར་པེ་ཅིང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་གི་ངོ་མཚར་ཆེ་བའི་འཇིག་རྟེན་ཤེས་རྟོགས་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་དུས་མཚུངས་པེ་ཅིང་གི་ཕྲུ་གུ་ཚོར་རང་ལྗོངས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱས་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་གསུམ་པའི་འཛིན་གྲྭ(11)པའི་སློབ་མ་བློ་བཟང་ཡིད་སྨོན་གྱིས་ད་ཐེངས་ཀྱི་བྱེད་སྒོའི་ཐོག་ང་དང་པེ་ཅིང་གི་གྲོགས་པོ་རྣམས་མཉམ་དུ་སློབ་སྦྱོང་དང་། མཉམ་འགུལ། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社