(པར་ངོས་དང་པོར་མཐུད)གྲངས་འཛིན་ཐོན་ལས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གྲངས་འཛིན་དཔལ་འབྱོར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སྔར་བས་གསབ་པ།“ཟུང་ལྡན་མཐུན་སྦྱོར”གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་ཟབ་མོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཚོགས་འདུའི་ཐོག་བཟའ་བཅའི་བདེ་འཇགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པ་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཙོ་བོའི་འགན་འཁྲི་ནན་དུ་གཏོང་བ་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཁུར་བ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་རྒྱུན་འཁྱོངས་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་དོན་འཁྱོལ་ཞིབ་ཚགས་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། འབྱུང་རྩ་ནས་དོ་དམ་དང་ཚོད་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་ལྡན་པའི་བཟའ་བཅའ་འདེབས་འཛུགས་དང་གསོ་སྤེལ་སོགས་ལྷུ་ཚིགས་ཁག་ཚད་ལྡན་ཅན་དང་གཙང་སྦྲ་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་དགོས།བརྒྱུད་རིམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ནན་ཤོས་བཞིའི་བླང་བྱ་གཞིར་བཟུང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུ་དོན་འཁྱོལ་བྱེད་དགོས་པ་དང་། ལྷག་པར་དུ་སློབ་གྲྭ་དང་སྨན་ཁང་སོགས་གཅིག་བསྡུས་ཟ་མ་ཟ་ཡུལ་གྱི་བཟའ་བཅའི་བདེ་འཇགས་འགག་སྒོ་ཡག་པོ་བསྲུངས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་དེར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བའི་ཟིལ་གནོན་གྱི་ནུས་ལྡན་ཞིག་ཆགས་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ལྕེ་ཐོག་གི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ།གསོ་སྦྱོང་བྱེད་ཤུཊ་ཆེ་རུ་བཏང་ནས་ལྟ་སྐུལ་དོ་དམ་མི་སྣའི་ཁྲིམས་འཛིན་ནུས་པ་དང་ལས་གཉེར་མི་སྣའི་ལས་རིགས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
ཚོགས་འདུའི་ཐོག་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་ནི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་ཀྱི་ནུས་པ་ཆེ་རུ་གཏོང་བ། འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། དེར་བརྟེན་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་གཏོང་དགོས་པ་དང་།ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཇུས་གཞི་སྔར་བས་ལེགས་སུ་བཏང་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ་ལས་ཀར་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས་པ།མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་སྡེ་ཁག་དང་འབྲེལ་མཐུད་ཡག་པོ་ཧུར་ཐག་བྱས་ཏེ་ཁྲིམས་སྲོལ་ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་སྟེ་ལམ་ལུགས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཡག་པོ་བྱེད་དགོས།ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་།ཚད་གཞི་ལྟར་དཔྱད་ཞིབ་ཀྱི་ཚད་གཞི་བཟོ་བ། རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་བསམ་འཆར་དང་གྲོས་འགོར་ཉན་པ།ལས་འགན་ཁ་གསལ་དང་འགན་འཁྲི་ཞིབ་ཕྲ་བཅས་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་རྣམ་གྲངས་འཛུགས་སྐྲུན་ཐད་རྗེས་སྙེག་ཐུབ་པ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཚོགས་འདུའི་ཐོག་ལོ་རྒྱུས་ལ་བརྩི་འཇོག་དང་།སྲུང་སྐྱོང་འོས་འཚམ་བྱེད་པ།དངོས་ཐོག་བདེན་འཚོལ་བཅས་ཀྱི་རྩ་དོན་ལ་བརྟེན་ནས་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ལོ་རྒྱུས་ཀྱི་འཛུགས་སྐྲུན་མིང་ཐོ་གཏན་འཁེལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社