分享按钮

ལྷ་སའི་འགག་སྒོ་ལས་ཁུངས་དང་པེ་ཅིང་འགག་སྒོ་ལས་ཁུངས་དབར་མཉམ་ལས་ཀྱི་མིང་རྟགས་བཀོད་པ།

ལག་གདང་སྦྲེལ་ནས་འགག་སྒོ་ལས་བརྒལ་བའི་ས་ཁུལ་གྱི་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།འདི་ལོ་ནི་པེ་ཅིང་གིས་བོད་ལ་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཆི་ལ་ཕུའུ་འགག་སྒོའི་ལས་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་འགག་སྒོའི་ཐད་རྒྱབ་སྐྱོར་འགན་ལེན་བྱེད་པའི་བྱེད་ཐབས་28དོན་འཁྱོལ་བྱས་ནས།པེ་ཅིང་དང་བོད་ཀྱི་འགག་སྒོའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད། ཉེ་ཆར་པེ་ཅིང་གྲོང་ཁྱེར་དུ《ལྷ་སའི་འགག་སྒོའི་པེ་ཅིང་འགག་སྒོའི་མཉམ་ལས་དྲན་ཐོ》(གཤམ་དུ་མཉམ་ལས་དྲན་ཐོ་ཞེས་བསྡུ་རྒྱུ)ལ་མིང་རྟཊ་བཀོད་པ་རེད།

མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཕྱོགས་གཉིས་པོས་མཉམ་ལས་དྲན་ཐོའི་ཞིབ་ཕྲའི་ནང་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་པ་དང་འབྲེལ་འབྱུང་འགྱུར་གྱི་མཉམ་ལས་ཀྱི་ཁ་ཕྱོགས་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ་རེད། མཉམ་ལས་དྲན་ཐོར་གཞིགས་ན། ས་གནས་གཉིས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་དང་།བློ་གྲོས་འགག་སྒོ་འཛུགས་སྐྱོང་དང་བློ་གྲོས་འགག་སྒོའི་སྟོབས་ལྡན་རྒྱལ་ཁབ་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། རྒྱལ་ཡོངས་ཀྱི་འགག་སྒོ་ལས་སྒོ་གཞི་གཅིག་ཅན་གྱི་རྣམ་པའི་འོག་གི་ལས་དོན་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བློ་གྲོས་འགག་སྒོའི་འདུ་ཤེས་ལག་ལེན། ལས་སྒོའི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། འགག་སྒོ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་མཉམ་ལས་བྱ་རྒྱུ་ཡིན་པ་རེད།

མཉམ་ལས་ཀྱི་ནང་དོན་ཞིབ་ཕྲའི་ཐད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-13 ལྷ་སའི་འགག་སྒོ་ལས་ཁུངས་དང་པེ་ཅིང་འགག་སྒོ་ལས་ཁུངས་དབར་མཉམ་ལས་ཀྱི་མིང་རྟགས་བཀོད་པ། 6 6 拉萨日报藏文 c182472.html 1 ལག་གདང་སྦྲེལ་ནས་འགག་སྒོ་ལས་བརྒལ་བའི་ས་ཁུལ་གྱི་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་བཏང་བ། /enpproperty-->