ལོ་རེའི་ཟླ་6པའི་གཟའ་འཁོར་གཉིས་པའི་རེས་གཟའ་སྤེན་པ་ནི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཡིན་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། རིག་གནས་རྒྱུན་འཛིན་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཅས་གཏོད་ཆེད། ཚེས་9ཉིན་2024ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ལྷ་ས་གྲོང་ཁྱེར་གྱི་འགྲན་ར་གཙོ་བོའི་བྱེད་སྒོ་དེ་རྫོང་རྒྱབ་ཀླུ་ཁང་དུ་འགོ་ཚུགས་ཡོད།
བྱེད་སྒོའི་ཁྲོད་དུས་ཡུན་ཉིན་ལྔའི་རིང་གི་ལྷ་མོ་འཁྲབ་སྟོན་བྱེད་པ་ཕུད།ད་དུང་གཟིམ་སྤོས་དང་། རྫ་དཀར། ཡིག་གཟུགས། ཞོ། རྟ་ཆས། རྩམ་པ། རྒྱན་གོས་སོགས་མངོན་མིན་གྱི་ཤུལ་བཞག་ཐོན་རྫས(བརྩམས་ཆོས)ཆེད་དོན་འགྲེམས་སྟོན་བྱས་ནས་གྲོང་མི་དང་ཡུལ་སྐོར་བ་མང་པོས་ཉོ་སྒྲུབ་བྱ་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད། སྣ་མང་ཕུན་སུམ་ཚོགས་ཤིང་བཀྲག་མདངས་འཚེར་བའི་བྱེད་སྒོ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་བཟོ་བོའི་ཕུལ་དུ་བྱུང་བའི་ལག་རྩལ་མངོན་པར་མ་ཟད། རིག་གནས་ཤུལ་བཞག་འདི་ཉིད་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་བྱས་ནས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་གྲུབ་འབྲས་དམངས་ཡོངས་ལ་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་ཡང་བཏང་ཡོད།
འདི་ལོ་ནས་བཟུང་། རང་གྲོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ལས་གཞི་ཆེན་པོ་ལྔ་ལག་བསྟར། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ལྡན་དུ་གཏོང་བ། རིག་གནས་ཀྱི་གཡུལ་ས་འཛུགས་སྐྲུན་མུ་མཐུད་སྲ་བརྟན་དུ་གཏོང་བ།རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། རིག་གནས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། རིག་གནས་ཁྲོམ་རའི་སྒྲིག་ལམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་པས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་དོན་ཁག་སྐས་རིམ་གསར་པར་སླེབས་ཡོད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
2024ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ལྷ་ས་གྲོང་ཁྱེར་གྱི་འགྲན་ར་གཙོ་བོའི་བྱེད་སྒོའི་བསྡུས་རིས།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社