(པར་ངོས་དང་པོར་མཐུད)ཁ་གཏད་མི་འདྲ་བར་དམིགས་ཏེ་ཧྥུའུ་ཅན་ཞིང་ཆེན་ཅིན་ཅང་གྲོང་ཁྱེར་གྱིས་སློབ་སྦྱོང་གི་གཞི་རྟེན་གསར་གཏོད་བྱས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ།རང་གཤིས་ཅན་གྱི་སློབ་ཁྲིད་ནང་དོན་གཏན་འཁེལ་དང་གསོན་ཉམས་དོད་པའི་སྐད་ཆ་སྤྱད་དེ་དཔེ་མཚོན་ཤོད་པ་དང་སྒྲིག་ལམ་གསལ་པོ་བཟོས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་བ་རེད།
ཅིན་ཅང་གྲོང་ཁྱེར་ཙེ་མོ་གྲོང་རྡལ་ཝུ་ཨན་གྲོང་ཚོར་ཏང་གི་སྒྲིག་ཁྲིམས་ཀྱི་ཕྱོགས་ཡོངས་ལ་བལྟ་བ་ཞེས་པ་གཙོ་དོན་དུ་བྱས་པའི་འཆད་ཁྲིད་ཅིག་སྤེལ་ཡོད་པ་རེད།
ཏང་ཡོན་རྒན་གྲས་ལི་ཁྲའོ་དབྱང་གིས་ཚང་མས་འཆད་ཁྲིད་ལ་ཉན་རྗེས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་མྱོང་ཚོར་བྱུང་བ་དང་། ད་དུང་ལག་ཐོགས་ཁ་པར་སྤྱད་དེ་ཤེས་བྱའི་འགྲན་བསྡུར་ནང་ཞུགས་ཐུབ་པ་བྱུང་། ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ཐོག་སྐར་མ་ཆ་ཚང་ཐོབ་པར་མཛུབ་མོ་བཙུགས་ནས་དེ་ལྟར་བཤད།
ཏང་དབྱང་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལོན་ཤིན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ》གི་ས་བཅད་རེ་རེ་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱས་ནས་ང་ཚོར་དམར་ཐིག་གསལ་པོ་བཀོད་པ་དང་། མཐའ་ཚད་གསལ་སྟོན། འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་བཅས་བྱས་ཡོད། ང་ཚོས་ཀུན་སྤྱོད་གཙང་ལ་ཧུར་བརྩོན་ཆེན་པོ་བྱེད་པ་དང་། བློ་དཀར་ལས་སྒྲུབ་བྱས་ཏེ་བློ་དཀར་དང་སེམས་དཀར་གྱིས་འགན་འཁྲི་འཁུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཧུའུ་པེ་ཞིང་ཆེན་ཏང་དབྱང་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭར་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།
ཏང་དབྱང་གྲོང་ཁྱེར་གྱིས་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་དང་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཤེས་ཤེས་པ། སྒྲིག་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ལྟེ་བའི་ལས་འགན་དོན་འཁྱོལ་དང་། ཕྱི་ཚུལ་རིང་ལུགས་ལ་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ལས་བྱེད་པ་འདེམས་སྤྱོད་སོགས་ལས་དོན་དང་གཅིག་གྱུར་འཆར་འགོད་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གྱོད་དཔེ་ནི་ཆེས་བཟང་བའི་དཔེ་དེབ་ཡིན་ལ། ཆེས་བཟང་བའི་རིག་པ་དྭངས་རྫས་ཀྱང་ཡིན། ས་ཁུལ་ཁག་གིས་གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་ཤོད་པ། ཏང་ཡོན་དང་ལས་བྱེད་པས་གཤིབ་བསྡུར་དབྱེ་ཞིབ་གཏིང་ཟབ་བྱེད་པ། རང་གིས་རང་ལ་ཞིབ་བཤེར་ནན་པོ་བཅས་བྱས་ནས་རྟག་ཏུ་བསམ་བློའི་ཉེན་བརྡ་གཏོང་བ་དང་། སྒྲིག་ཁྲིམས་ཀྱི་རྩ་བ་དམ་དུ་གཏོང་བ།རྟག་ཏུ་གུས་ཤིང་སྐྲག་པའི་བསམ་པ་བཅངས་བ་བཅས་བྱས་ཡོད་པ་རེད།
ད་ལྟ་ཁྲིམས་ར་འགོ་བཙུགས་པ་ཡིན། ཡུན་རིང་མ་སོང་གོང་། ཝེ་ཆེ་གེ་མོས་ལྐོག་རྔན་སྤྲད་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཧེ་ལུང་ཅང་ཞིང་ཆེན་ཧྲོང་ཡ་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་པ་རེད། ཧྲོང་ཡ་ཧྲན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་གྲོང་ཁྱེར་རིམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་པ་དང་། རྫོང(ཆུས)རིམ་པའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་བརྙན་ལམ་བརྒྱུད་དུས་གཅིག་ཏུ་བལྟས་པ་རེད། ཧྲོང་ཡ་ཧྲན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ལས་ཐོག་གི་ཉེས་པ་བསགས་གྱོད་གཞིའི་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་། ཉེན་བརྡའི་སློབ་གསོའི་ཆེད་དོན་གློག་བརྙན་བཟོ་བ། འགྱོད་བཤགས་ཟིན་ཐོ་རྩོམ་སྒྲིག་དང་པར་འདེབས་པ་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་ཉེན་བརྡའི་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་པ་རེད།
ཉིན་ཤས་གོང་། ཡུན་ནན་ཞིང་ཆེན་ཏ་ལི་གྲོང་ཁྱེར་གྱིས་འགག་རྩའི་ལས་གནས་ཀྱི་འགོ་ཁྲིད་པ་གཙོ་བོ་སྒྲིག་འཛུགས་བྱས་ཏེ་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་གྱི་རུལ་རྒོལ་གཙང་སྤེལ་ཉེན་བརྡའི་སློབ་གསོའི་རྟེན་གཞིར་སློབ་སྦྱོང་དང་སློབ་གསོ་དང་ལེན་བྱེད་པར་བསྐྱོད་པས་གྱོད་དཔེ་རེ་རེས་ཚང་མར་སེམས་འགུལ་ཐེབས་པར་བྱས་པ་རེད།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཏ་ལི་པའེ་རིགས་རང་སྐྱོང་ཁུལ་ཨུ་ལྷན་གྱིས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གཙོ་གནད་སྡེ་ཚན་བཅས་ཀྱི་འགོ་ཁྲིད་པ་གཙོ་བོར་གཙོ་གནད་དུ་དམིགས་ཏེ་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟ་བ་དང་། ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས་པ། ཉེན་བརྡའི་སློབ་གསོའི་ཀློག་དེབ་རྩོམ་སྒྲིག་པར་འདེབས་སོགས་བྱས་པ་བརྒྱུད་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་པ་གཙོ་བོས་སྒྲིག་ཁྲིམས་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་རང་གཅུན་ནན་པོ་དང་། ཁོངས་གཏོགས་ལ་དོ་དམ་ནན་པོ། རང་འགན་ནན་པོ་འཁུར་རྒྱུ་བཅས་ལ་ཁྲིད་སྟོན་ཏན་ཏིག་བྱས་ཡོད།
《མི་དམངས་ཉིན་རེའི་ཚགས་པར》གཞིར་བཟུང་།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社