分享按钮

(པར་ངོས་དང་པོར་མཐུད)ཡོངས་ཁྱབ་ཏུ་སྦྱངས་པ་སྟེ།འགྲོ་འོང་བྱེད་མཁན་གྱི་ཏང་ཡོན་དང་ལོ་ན་བགྲེས་ཤིང་ལུས་སྟོབས་ཞན་པའི་ཏང་ཡོན་ལ་དམིགས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པའི་ཐབས་ལམ་སྤྱད་ཅིང་། དྲ་ཐོག་ནས་གྲོང་ཚོ་བཅའ་སྡོད་ལས་བྱེད་པ་དང་འགན་གཙང་ལེན་མཁན་ཏང་ཡོན་གྱིས་འགྲོ་འོང་བྱེད་མཁན་ཏང་ཡོན་63ལ་འབྲེལ་བ་བྱས་ཏེ་སྐད་འཕྲིན་ནས་སྦྱང་བྱ་ཐེངས་30ལྷག་ཙམ་སྤྲད་པ་དང་། དྲ་ཕྱིར“དཔེ་དེབ་ཁྱིམ་དུ་སྐྱེལ་བ”སོགས་ཀྱི་བྱེད་སྒོ་ཐེངས་25སྤེལ་ནས་ལོ་ན་བགྲེས་ཤིང་ལུས་སྟོབས་ཞན་པའི་ཏང་ཡོན་མི་ཐེངས་293ཞུགས་པ། ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ་འཐབ་ས་མདུན་མའི་ཀྲི་པུའུ་རུ་བསྐྱོད་དེ“གསར་གཉིས”རྩ་འཛུགས་ཀྱི་ཏང་ཡོན་ལ《སྲོལ་ཡིག》སློབ་སྦྱོང་ཐད་མཛུབ་ཁྲིད་ཐེངས་41བྱས་པར་མི་ཐེངས་900ལྷག་ཙམ་ཞུགས་པས། སློབ་སྦྱོང་གི་ལས་དོན་ཁྱོན་ཡོངས་ལ་ཁྱབ་ཐུབ་པར་བྱས་པ་རེད།

“དོན་དངོས”ལ་གཞི་ཚུགས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སེམས་ལ་འཇགས་པར་བྱས་པ།

ཏང་ཡོན་ཡོངས་ཀྱིས་རང་རྟོགས་དང་རང་འགུལ་ངང་སློབ་སྦྱོང་བྱེད་པར་སྐུལ་འདེད་གང་ཐུབ་བཏང་བའི་ཐད། སློབ་སྦྱོང་གི་ཁྱབ་རྒྱ་ཆེ་རུ་བཏང་བ་སྟེ། ཏང་ཡོན་ལས་བྱེད་པས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ལེགས་འགྲུབ་བྱེད་པ་དང་། དྲ་ཐོག་དང་དྲ་ཕྱིའི་སློབ་སྦྱོང་དུས་མཉམ་དུ་སྤེལ་བ་དང་དུས་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་རང་རྟོགས་རང་བཞིན་ཆགས་པར་འབད་བརྩོན་བྱེད་པ། རང་སྟོབས་ཀྱི་ནུས་པ་གང་ལེགས་འདོན་པ། རང་འགུལ་ངང《སྲོལ་ཡིག》ལ་སློབ་སྦྱོང་བྱེད་པ། ཆུ་ཤུར་མཉམ་འདྲེས་སྨྱན་སྦྱོར་སོགས་དྲ་རྒྱའི་ཐོན་ཁུངས་སྤྱོད་པ་བཅས་བྱས་ཏེ། སློབ་སྦྱོང་གི་ཁྱབ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་བསྒྲིགས་ལེ་ཚན་ལ་བརྟེན་ནས་དུས་དང་རྣམ་པ་ཀུན་ཏུ་རང་སྦྱོང་ཐུབ་པར་བྱས་པ་རེད། སློབ་སྦྱོང་གཏིང་ཟབ་ཏུ་བཏང་སྟེ། “ཚོཊ་འདུ་གསུམ་དང་སློབ་ཚན་གཅིག”དང་། “ཏང་གི་གཙོ་དོན་ཉིན་མོ”སོགས་ཀྱི་རྣམ་པར་བརྟེན་ནས《སྲོལ་ཡིག》ལ་སློབ་སྦྱོང་བྱས་པ་དང་། སྒེར་གྱི་རང་སྦྱོང་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་རེས་ཐེངས་37བྱས་པར་མི་ཐེངས་422ཞུགས་པ་རེད། སློབ་སྦྱོང་དང་སྤེལ་རེས་བྱས་པ་བརྒྱུད། སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོཊ་པ། སྒྲིག་ཁྲིམས་སྲུང་བ་བཅས་མངོན་འགྱུར་ཐུབ་ནས་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་དེ་ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་པར་མ་ཟད། ཏང་ཡོན་ལས་བྱེད་པས་ཀྱང་ཆུ་ཚོད་བརྒྱད་ཀྱི་ཁོམ་ལོང་སྤྱད་དེ་ཏང་གི་སྒྲིག་ཡིག་དང《སྲོལ་ཡིག》ལ་སློབ་སྦྱོང་ཞིབ་པར་བྱས་ཡོད།

སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱས་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་བའི་ཐད། ཚད་ལྡན་ལ་སློབ་སྦྱོང་བྱས་པ་སྟེ། གཞི་རིམ་ཏང་རྩ་འཛུཊ་ཀྱི་བཙན་རྫོང་གི་ནུས་པ་གང་ལེགས་བཏོན་ནས་མི་ཐེངས་80ལྷག་ཙམ་དང་གླེང་མོལ་བྱས་ནས་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་གྲུབ་འབྲས་དང་མི་འདང་བའི་ཆ་སོཊ་ཀྱི་ཞིབ་ཐོ་400ལྷག་ཙམ་བཟོས་པ་དང་། དག་ཐེར་བྱེད་ཐབས་1600ལྷག་ཙམ་བཟོས་པར་མ་ཟད། སྒྲིག་ཁྲིམས་ལ་བརྟེན་ནས་ནོར་འཛོལ་དག་བཅོས་དང་། ཁ་ཕྱོཊ་ཡང་དག་འཚོལ་བ། ཐབས་ལམ་གསལ་དུ་གཏོང་བ་བཅས་མངོན་འགྱུར་བྱས་པ་རེད། སྤྱོད་སྟངས་ལ་སློབ་སྦྱོང་བྱས་པ་སྟེ། ཆུ་ཤུར་གྲོང་ཚོས“གྲོས་བསྡུར་བཞི་དང་ཡོངས་བསྒྲཊ་གཉིས”དང་། “ལས་དོན་གསུམ་གྱི་ཡོངས་བསྒྲགས”སོཊ་ཀྱི་ལམ་ལུཊ་འཐུས་ཚང་དུ་བཏང་བ་དང་འབྲེལ“མ་རྩ་གསུམ”གྱི་དོ་དམ་ཚད་ལྡན་དུ་བཏང་བ་རེད། ཆུ་བེད་ཅུས་དང་། ཆུ་ཤུར་གྲོང་རྡལ། གནམ་ཤང་མངཊ་གཏོང་ཁང་བཅས་ཀྱིས“ངས་མང་ཚོཊ་ལ་བྱ་བ་དངོས་སྒྲུབ་པ”དང་། “སྒོ་ཕྱེ་ནས་ཁ་ཏ་བྱེད་པ”སོཊ་ཀྱི་བྱེད་སྒོ་སྤེལ་ནས་མང་ཚོཊ་ཀྱི་བསམ་ཚུལ་དང་དགོས་མཁོ་ཤེས་རྟོཊ་བྱས་པ་དང་། མང་ཚོཊ་ཀྱི་དཀའ་ངལ་དང་སེམས་ཁྲལ། རེ་འདོད་སོཊ་ཀྱི་གནད་དོན་བསལ་བ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-10 6 6 拉萨日报藏文 c182339.html 1 /enpproperty-->