分享按钮

ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་བརྩོན།

ལོ་ངོ་བཅུ་གཉིས་རིང་།མཐའ་ཡས་ཤེས་བྱའི་རྒྱ་མཚོར་དཀའ་སྤྱད་འབད་འབུངས་ཀྱིས་སློབ་སྦྱོང་བྱས་ཏེ་ད་ལྟ་རང་ཉིད་ཀྱི་རྩལ་ནུས་ངོམ་པའི་དུས་ལ་སླེབས་ཡོད། ཟླ་6ཚེས་7ཉིན། 2024ལོའི་མཐོ་རྒྱུགས་གཏོང་འགོ་ཚུགས་པ་དང་གྲོང་ཁྱེར་གྱི་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོས་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་རྒྱུགས་རར་བསྐྱོད་དེ་རང་ཉིད་ཀྱི་ཕུགས་འདུན་དོན་དུ་རང་ནུས་ཡོད་རྒུས་འབད་འཐབ་བྱས་པ་རེད།

རང་གྲོང་གི་རྒྱུགས་གནས་ཁག་གོ་རིམ་ལྡན་པ་དང་།འབྲེལ་ཡོད་སྡེ་ཚན་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མཐོ་རྒྱུགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད། རྒྱུགས་གནས་ཀྱི་མདུན་དུ་རྒྱུགས་སྤྲོད་རླངས་འཁོར་དང་རྒྱུགས་སྤྲོད་སློབ་མ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ནས་རྒྱུགས་ཤོག་སྤྲོད་མཁན་དགེ་རྒན་ཚོས་རྒྱུགས་སྤྲོད་སློབ་མར་སེམས་ཁམས་ལྷོད་ལ་བབས་ནས་རྒྱུགས་སྤྲོད་ལམ་འགྲོ་ཡོང་བའི་ཁ་ཏ་བྱས་ཤིང་། མེ་ཏོག་གི་རྣམ་པའི་ཐོག་ནས་རོགས་སྐྱོར་བྱེད་མཁན་ཕ་མ་ཚོས་བརྩེ་དུང་གི་སྐུལ་མ་དང་སྨོན་འདུན་མཚོན་གྱི་ཡོད། རྒྱུགས་གནས་ཀྱི་ལས་དོན་མི་སྣས་སྔ་ས་ནས་གྲ་སྒྲིག་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ཁྲིད་སྟོན་བྱས་ཡོད། རྒྱུགས་སྤྲོད་སློབ་མ་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཟླ་6པར་བཅངས་པའི་རེ་བ་དང་ཆབས་ཅིག་རྒྱུགས་རའི་ནང་སྐྱོད་ཡོད།

སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་རྒྱུགས་སྤྲོད་སློབ་མ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་གོ་རིམ་ལྡན་པའི་སྒོ་ནས་བང་བསྒྲིགས་ཏེ་བདེ་འཇགས་དང་ལག་ཁྱེར་ཞིབ་བཤེར་བྱས་རྗེས་རྒྱུགས་རའི་ནང་བསྐྱོད་པ་རེད། མཐོ་རྒྱུགས་ནི་མི་ཚེའི་ཁྲོད་ཀྱི་གནད་འགག་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་གདམ་ག་ཞིག་ཡིན་ལ་སྦྱོང་བརྡར་ཞིག་ཀྱང་ཡིན། ཁྱིམ་བདག་ཡིན་ནའང་འདྲ། དགེ་རྒན་ཡིན་ནའང་འདྲ། མཐོ་རྒྱུགས་སློབ་མ་ཚོར་རེ་བ་དང་སྨོན་འདུན་གྱིས་ཁེངས་ཡོད།རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་ལིའུ་ལི་ཕིང་གིས་མཐོ་རྒྱུགས་དེ་རིང་འགོ་ཚུགས་པ་དང་ངའི་ཕྲུ་གུ་ཡང་མཐོ་རྒྱུགས་ནང་ཞུགས་ཡོད་པ་དང་།མཐོ་རྒྱུགས་ནང་ཞུགས་མཁན་ཕྲུ་གུ་ཚང་མར་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།

ལོ་ལྟར་མཐོ་རྒྱུགས་སྐབས།སྨན་པ་དང་། མི་དམངས་ཉེན་རྟོག་པ། འགྲིམ་འགྲུལ་ཉེན་རྟོག་པ། དང་བླངས་པ་ལ་སོགས་པས་བྲེལ་འཚུབ་ཆེ་ཞིང་འགན་འཁྲི་ཏན་ཏིག་ཁུར་ནས་མཐོ་རྒྱུགས་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད། འདི་གར་མཐོ་རྒྱུགས་ནང་ཞུགས་མཁན་སློབ་མ་ཚང་མར་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-09 6 6 拉萨日报藏文 c182273.html 1 ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་བརྩོན། /enpproperty-->