ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་།ས་གནས་ཁག་གིས་མགྱོགས་མྱུར་ངང་ལས་དོན་སྤེལ་འགོ་ཚུགས་ཏེ་དཔེ་མཚོན་གྱི་གྱོད་དཔེ་སློབ་གཞི་ཡག་ཤོས་སུ་བརྩིས་ནས་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཉེ་འགྲམ་དུ་ཡོད་པ་དང་བསླབ་བྱ་མིག་མདུན་དུ་ཡོད་པ་ཚོར་ཐུབ་པར་བྱས་ཐོག་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།
སློབ་ཁྲིད་ཀྱི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་པ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུཊ་པ་ནས་བཟུང་།ས་གནས་ཁག་གིས་དཔེ་མཚོན་གྱི་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་སྲིད་གཙང་སློབ་གསོའི་རྟེན་གཞིར་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།ཉེན་བརྡའི་སློབ་གསོའི་ཡིད་དབང་འགུག་ཤུགས་དང་གོ་སྐོན་བློ་འགུག་གི་ནུས་པ་ཆེ་རུ་བཏང་བ་དང་།རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རྟག་ཏུ་བསམ་བློར་ཉེན་བརྡ་དང་།སྒྲིག་ཁྲིམས་ལ་དམ་འཛིན། གུས་བཀུར་གྱི་བསམ་པ་ལྡན་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད།
ཉིན་ཤས་རིང་།ཀོང་ཏུང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཉེན་བརྡའི་སློབ་གསོའི་ཐོན་ཁུངས་འཚོལ་བ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་ལས་བྱེད་པའི་ཉེན་བརྡའི་ཟིན་ཐོ་དང་། འགྱོད་བཤགས་ཟིན་ཐོ། ཉེན་བརྡའི་སློབ་གསོའི་གློག་བརྙན་སོགས་སྤྱད་དེ་ཉེན་བརྡའི་སློབ་གསོ་སྤེལ་བ།ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཐག་ཉེ་སའི་ཏང་ཡོན་སློབ་གསོའི་རྟེན་གཞི་དང་སྲིད་གཙང་སློབ་གསོའི་རྟེན་གཞིར་སློབ་གསོ་དང་ལེན་བྱས་ནས་ཉེན་བརྡའི་སློབ་གསོའི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་ཡོད། ཡུན་རིང་མ་སོང་གོང་།ཀྲན་ཅང་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྣེ་ཁྲིད་དེ་ལུའེ་ཀྲོའུ་གཞོན་ནུའི་མིས་བཟོས་གཙང་པོའི་གསར་བརྗེའི་སློབ་གསོའི་རྟེན་གཞིར་བསྐྱོད་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་ཆེད་དོན་སློབ་སྦྱོང་བྱས་པ་དང་འབྲེལ་གྲོས་བསྡུར་ཡང་བྱས་ཡོད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་།ཀྲན་ཅང་གིས་ལུའེ་ཀྲོའུ་གཞོན་ནུའི་མིས་བཟོས་གཙང་པོའི་སློབ་གསོའི་ཐོན་ཁུངས་གསར་གཏོད་དང་བེད་སྤྱོད་བྱས་ཏེ།ཏང་ཡོན་ལས་བྱེད་པ་ཐེངས་200ལྷག་ཙམ་སྒྲིག་འཛུགས་བྱས་ནས་མི་ཐེངས་ཁྲི་2ལྷག་ཙམ་ཡུལ་དངོས་སུ་སློབ་གསོ་དང་ལེན་བྱས་པ་ལས་ཏང་ཡོན་ལས་བྱེད་པར་བསམ་བློའི་ཐད་སེམས་འགུལ་ཐེབས་པ་དང་སྙིང་སྟོབས་ཐད་ངར་ཤུཊ་འཕེལ་བར་བྱས་ཡོད་པ་དང་།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཏུ་སྒྲིག་ཁྲིམས་སྦྱོང་བ་དང་།སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུཊ་པ་ནས་བཟུང་།བོད་ཀྱི་རིམ་ཁག་ཚན་ཁག་གིས་དཔེ་མཚོན་གྱི་གྱོད་དཔེ་སློབ་གཞི་ཡག་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ།ཉེན་བརྡའི་སློབ་གསོའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གཤིས་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社