分享按钮

རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ།ཚེས་5ཉིན།བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཁྱབ་བསྒྲགས་བྱས་པའི《2023ལོའི་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》ནང་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཀྱི་དམིགས་ཚད་ཡོངས་སུ་ལེགས་སུ་ཕྱིན་པ་དང་།ས་ཁོངས་ཡོངས་ཀྱི་ཆུ་བོ་དང་མཚེའུ་ཡི་སྤུས་ཚད་ལ་གདེང་འཇོག་བྱེད་ཚད་བརྒྱ་ཆ་100ཟིན་པ།རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་བརྟན་པོ་དང་ལེགས་སུ་ཕྱིན་ནས་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།

སྤྱི་བསྒྲགས་ནང་2023ལོར་བོད་ཀྱི་གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དེ་མཚུངས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཚད་གཞིར་སླེབས་ཡོད་པ་མངོན་ཡོད།རྫ་ཆུ་དང་།འབྲི་ཆུ།ཡར་ལུང་གཙང་པོ།རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་རྒྱུན་གྱི་ཆུ་སྤུས《ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞི》རིགས་གཉིས་པའི་ཚད་གཞིར་སླེབས་པ་དང་།ལྷ་སའི་སྐྱིད་ཆུ་དང་།མྱང་ཆུ།ཉང་ཆུ་སོགས་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་དུ་རྒྱུག་པའི་ཆུ་བོའི་ཆུའི་སྤུས་ཚད་རིགས་གཉིས་པའི་ཚད་གཞིར་སླེབས་པ།རི་བོ་ཇོ་མོ་གླང་མ་ནས་འབབ་པའི་རོང་པོ་ཆུའི་སྤུས་ཚད་རིགས་དང་པོའི་ཚད་གཞིར་སླེབས་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 6 6 拉萨日报藏文 c182191.html 1 རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། /enpproperty-->