ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟག་རྩེ་ཆུས་ཨུད་དྲིལ་བསྒྲཊ་པུས་ཤང(གྲོང་རྡལ)དང་། རིག་གནས་ཡུལ་སྐོར་ཅུས། ཁྲིམས་འཛིན་ཅུས། ཞིང་ལས་གྲོང་གསེབ་ཅུས་སོགས་ཚན་པ་དང་མཉམ་འབྲེལ་བྱས་ནས་ཐང་དཀར་ཤང་དུ་2024ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི་གཤམ་སྐྱོད་གསུམ་དང་།ཆུ་འཐུང་དུས་ཆུ་ཁུངས་དྲན་པ་དང་ དྲིན་ཚོར་ཡར་ཐོན་བྱེད་ཅེས་པའི་མང་ཚོགས་ཀྱི་དྲིན་ཚོར་སློབ་གསོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རིགས་གཞུང་སྲིད་ཇུས་སྒྲོག་འགྲེལ་དང་བླངས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ། དྲ་རྒྱའི་བདེ་འཇགས། ཤེས་དཔལ་དྲ་ཞུགས་སོགས་ཀྱི་གཙོ་དོན་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཏེ་ཏང་གི་སྐད་སྒྲ་གཞི་རིམ་མང་ཚོགས་ལ་དུས་ཐོག་ཏུ་བརྒྱུད་སྤྲོད་བྱས་པ་རེད། དེ་རྗེས་སྟག་རྩེ་རིག་རྩལ་རུ་ཁག་དང་གྲོང་ཚོ་རིམ་པའི་རིག་རྩལ་རུ་ཁག་གིས་མང་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་གྱི་གསོལ་སྟོན་སྤྱན་ལམ་དུ་ཕུལ་བ་རེད།
འཁྲབ་སྟོན་དེ་ཕོ་མོའི་ཞབས་བྲོ《ཚོན་མདངས་རྣམ་པར་བཀྲ་བའི་ཕུ་ཐུང》གི་དགའ་སྤྲོའི་གླུ་དབྱངས་ཁྲོད་འགོ་ཚུཊ་པ་རེད། རྐྱང་གཞས《ཕ་ཡུལ་དྲན་པ》དང་། ཞབས་བྲོ《དཔའ་བོའི་གླུ་གཞས》《དུས་བཞིའི་ལོ་ལེགས》སོགས་ཀྱི་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་ཤིང་།འཁྲབ་སྟོན་པ་ཚོའི་སྙན་འཇེབས་ལྡན་པའི་གླུ་སྒྲ་དང་ལྡེམ་ཞིང་འཁྱུཊ་པའི་ཞབས་བྲོར་ལྟད་མོ་བའི་ཐལ་མོ་རྡེབ་སྒྲ་དང་དགའ་འབོད་ཆེན་པོ་ཐོབ་ཡོད།
བྱེད་སྒོའི་ནང་སྟག་རྩེ་ཆུས་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། སྟག་རྩེ་ཆུས་ཞིང་ལས་གྲོང་གསེབ་ཅུས། སྟག་རྩེ་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྟག་རྩེ་ཆུས་ཁྲིམས་འཛིན་ཅུས་སོགས་ཚན་པས་ད་དུང་བློ་འདྲིའི་ཞབས་ཞུའི་སྟེགས་བུ་བཙུཊ་ནས་ཡུལ་དངོས་སུ་འགྲེལ་བཤད་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། འགྲེམས་སྟོན་དྲིལ་བསྒྲགས་བྱེད་པ། དཔེ་དེབ་སྤྲོད་པ་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བློ་འདྲི་དང་ཚན་རིག་ཁྱབ་གདལ་སློབ་གསོ་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社