(པར་ངོས་དང་པོར་མཐུད)མོང་ཏིང་རི་བོའི་ཇའི་རྟེན་རྫས་བཤམས་མཛོད་ཁང་། ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་གཡག་རྔ་པི་ཧྥུང་ཞ་རྟེན་གཞི། རྒྱལ་ལམ་318སི་ཁྲོན་ནས་བོད་ལྗོངས་བར་གྱི་ལམ་ཐིག་ཐོག་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱ་ཡུལ་གྱི་སྒར་ས་སོགས་སུ་བསྐྱོད་དེ་ཡུལ་སྐོར་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མཐོར་གཏོང་དང་། རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་བརྗེ། ཡུལ་སྐོར་གྱི་རྒྱུ་ཆ་གཅིག་སྡུད། ཡུལ་སྐོར་སྤུས་རྟགས་གཏོད་པ།མཚན་མོའི་དཔལ་འབྱོར་འཕེལ་རྒྱས། དྲིལ་བསྒྲགས་དང་འོས་སྦྱོར་བྱེད་སྟངས།གསར་གཏོད་སོགས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་མཉམ་འདྲེས་དང་འཕེལ་རྒྱས་ཐུབ་ཚུལ་ལ་རྟོག་ཞིབ་བྱས་ཤིང་། གཡག་རྔ་གྲོང་ཁྱེར་གྱི་རིག་གནས་དང་། ལོ་རྒྱུས།
ཡུལ་སྐོར་ཐོན་ཁུངས་བཅས་ཤེས་རྟོགས་གཏིང་ཟབ་བྱས་ནས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་བསྡོམས་བྱས་པ་དང་འབྲེལ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ཐད་གཡག་རྔ་གྲོང་ཁྱེར་དང་བཞུགས་མོལ་སྤེལ་རེས་བྱས་ཏེ་མཉམ་ལས་ཀྱི་ཐབས་ཇུས་ལ་མཉམ་དུ་གྲོས་མོལ་ཡང་བྱས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག གཡག་རྔ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འགན་འཁུར་བས་མཛེས་ལྗོངས་ཁུལ་གཏོད་པ་དང་། རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་ནས་གཡག་རྔའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད། ཁྲེན་ཅིང་གིས་གཡག་རྔ་གྲོང་ཁྱེར་གྱིས་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་རྒྱལ་ལམ་318སི་ཁྲོན་ནས་བོད་ལྗོངས་བར་གྱི་ལམ་ཐིག་འགོ་འཛུགས་ས་ནི་གཡག་རྔ་ཡིན་པ་དང་མཇུག་རྫོགས་ས་ནི་ལྷ་ས་ཡིན་པས། ས་གནས་གཉིས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཐད་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བ་ཟབ་མོ་ལྡན་ཡོད། གཡག་རྔ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཐད་སྔོན་ལ་ཚད་བརྒལ་དང་གོམ་པ་སྔོན་ལ་སྤོས་ཡོད། གཡག་རྔ་གྲོང་ཁྱེར་འདི་ཉིད་ནི་ལྷ་སའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཡུལ་སྐོར་ཡོང་ཁུངས་བསྡུ་འགྲེམས་ལྟེ་གནས་གལ་ཆེན་ཞིག་ཡིན་པས། ལྷ་སས་གཡག་རྔ་གྲོང་ཁྱེར་དང་མཉམ་དུ་འབྲེལ་གཏུགས་དང་། སྤེལ་རེས། མཉམ་ལས་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ས་གནས་གཉིས་གཞི་གཅིག་ཅན་གྱི་བསམ་བློ་འཛུགས་པ་དང་། མཛེས་ལྗོངས་ཁུལ་དང་། གསོལ་མགྲོན་ཁང་། བཟའ་བཏུང་། རིག་གནས་གསར་གཏོད་ཐོན་རྫས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་རྒྱལ་ལམ་318ཀྱི་མནའ་འབྲེལ་ཐུན་མོང་ཐོག་འཕེལ་རྒྱས་བཏང་སྟེ་ལྷ་སའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བསམ་གཞི་གསར་གཏོད་བྱས་ནས་ལྷ་ས་དང་གཡག་རྔ་ས་ཁུལ་གཉིས་ཀྱི་ཡུལ་སྐོར་སྲིད་ཇུས་བསྡུ་སྒྲིལ་དང་བེད་སྤྱོད་བྱས་ཏེ། ལམ་རྒྱུད་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་དང་318ཀྱི་སྤུས་རྟགས་གཏོད་ཤུགས་ཆེ་རུ་བཏང་ཐོག་ས་ཁུལ་གཉིས་ཀྱི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མཁོ་སྤྲོད་ཕྱོགས་སུ་ཤུགས་རྒྱག་པ་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་གང་ཐུབ་བྱ་རྒྱུ། འབྲེལ་ཡོད་ཚན་པས་གཡག་རྔ་གྲོང་ཁྱེར་གྱི་དེ་མཚུངས་ཚན་པ་དང་འབྲེལ་གཏུཊ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལམ་སྲོལ་མཉམ་སྐྲུན་དང་། ཇུས་གཞི་མཉམ་འགོད། ཐོན་ལས་མཉམ་འདེད། རིག་གནས་ཡུལ་སྐོར་དྲིལ་བསྒྲཊ་མཉམ་དུ་བྱེད་པ་སོགས་ཀྱི་ཐད་དམ་པ་དོན་གཉེར་བྱས་ནས་ད་ཐེངས་ཀྱི་རྟོག་ཞིབ་གྲུབ་འབྲས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ། ཡུལ་སྐོར་གྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་ལྷ་སའི་ཡུལ་སྐོར་མཚོན་རྟགས་མངོན་གསལ་དོད་དུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་དང་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社