分享按钮

ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དེ་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།

ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

2023ལོར་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། ཁག་དང་པོའི་ཁོངས་གཏོགས་སློབ་གྲྭས་སློབ་གསོའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། སློབ་གྲྭའི་སློབ་གསོ་གཙོ་བོར་འཛིན་པ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་སློབ་ཚན་གྱི་བསམ་བློ་ཆབ་སྲིད་གཉིས་གཅིག་མཚུངས་ཡོང་བ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ཡོད། བརྒྱུད་རིམ་དེའི་ཁྲོད། འདུ་ཤེས་རྒྱུན་ཆད་མེད་པར་གསར་པ་ཆགས་པ་དང་། མཐོང་རྒྱ་ཉིན་བཞིན་རྒྱ་ཆེར་ཕྱིན་པ། གནས་བབ་རིམ་བཞིན་རྒྱ་ཆེར་ཕྱིན་པ། བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པའི་མཉམ་ཤུགས་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པར་མ་ཟད། བློ་སྦྱོང་བསླབ་སྐྱོང་གི་ཕན་འབྲས་ཀྱང་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།

དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་རིགས་གཞུང་སློབ་ཚན་སྒྱུར་བཅོས་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། 6 6 拉萨日报藏文 c182050.html 1 ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དེ་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། /enpproperty-->