(པར་ངོས་དང་པོར་མཐུད)འཛུགས་གཏོད་བཞིར་ཤུགས་རྒྱག་པ། གདོང་དམག་བདུན་ཡག་པོ་ཞིག་བྱེད་པར་དམིགས་ནས། གྲོང་ཨུད་ཀྱི་ལས་དོན་གྱི་རྩ་དོན་ལྔ་དང་། བྱེད་ནུས་ཁུལ་ཆེན་པོ་གསུམ་རྒྱ་བསྐྱེད་གཏོང་བ། ལས་རིགས་འཕེལ་རྒྱས་ཁུལ་ལྔ་ལེགས་སུ་གཏོང་བ། ཐོན་ལས་ཆེན་པོ་དགུ་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་གཙོ་གནད་ལས་འགན་ལ་གཞིགས་ནས། རང་ཉིད་ཀྱི་ལས་གནས་ལ་གཞི་ཚུགས་ཏེ་འགན་འཁྲི་ནན་སྒྲུབ་དང་། དུས་མཚུངས་སུ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། ཡུལ་ཁོངས་ཡུལ་སྐོར་གྱི་ལེ་ལག་ཚང་བའི་འཕེལ་རྒྱས་ཆེན་པའི་བྱ་སྤྱོད་བཅས་ནང་ཧུར་ཐག་ཞུགས་པ་དང་། རང་ཉིད་ཀྱི་གཏམ་སྤྱོད་ལ་བརྟེན་ནས་ལྷ་སའི་བུད་མེད་ཀྱི་མཛེས་སྡུག་མངོན་པ་དང་། ལྷ་སའི་བུད་མེད་ཀྱི་དགེ་མཚན་དྲིལ་བསྒྲགས། ལྷ་སའི་བུད་མེད་ཀྱི་སྤྱོད་བཟང་བརྒྱུད་བསྒྲགས། ལྷ་སའི་བུད་མེད་ཀྱི་བློ་གྲོས་མཚོན་པ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལག་བསྟར་ལེན་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཡག་པོ་ཞིག་བྱས་ནས། མཛེས་སྡུག་ལྡན་ཞིང་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་འདི་ཉིད་ལ་དེང་རབས་བུད་མེད་ཀྱི་སྙིང་སྟོབས་དང་སྤོབས་སེམས་ཀྱི་ཉམས་འགྱུར་ལྡན་ཡོད་པས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས།
(པདྨ་རྒྱལ་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社