བྱིས་དུས་ནི་སྤྲོ་སྣང་ལྡན་པ་དང་། བྱིས་དུས་ནི་སྣ་མང་ཕུན་སུམ་ཚོཊ་པ། བྱིས་དུས་ནི་དེ་བས་ཀྱང་འོད་སྟོང་འཕྲོ་བ་ཞིག་རེད།
ཕྲུ་གུའི་ངོ་མཚར་ཆེ་བའི་སྐད་ཅིག་མ་དེའི་ནང་ཁོང་ཚོའི་འཚར་ལོངས་ཀྱི་གཏམ་རྒྱུད་འཁོད་ཡོད་ལ། ཁྱིམ་ཚང་དང་སྤྱི་ཚོགས་ལ་གསོན་ཤུགས་དང་རེ་བ་ཡང་སྦྱིན་ཡོད།
ད་ལོ་ནི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཨང་74པ་དེ་ཡིན་པ་དང་ཚན་པ་ཁག་གིས་རིག་རྩལ་འཁྲབ་སྟོན་དང་། སྙན་ངག་གྱེར་འདོན། རི་མོའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། ཕྲུ་གུའི་འཇིག་རྟེན་དུ་བསྐྱོད་དེ་སྤྲོ་སྣང་ལྡན་པའི་བྱིས་སེམས་ལ་མྱོང་རོལ་བྱས་ཡོད།
པར①ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་མི་རུ་ཁག་ནང་ཞུགས་པའི་མཛད་སྒོ་སྤེལ་བའི་ཡུལ་དངོས་ཡིན་པ།
པར②ནི་སྣེའུ་ཁུལ་གསར་ཉི་མ་ཆུང་ཆུང་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་ལྷ་མོ་འཁྲབ་སྟོན་བྱེད་པའི་རྣམ་པ་ཡིན་པ།
པར③ནི་གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་གིས“དྲུག་གཅིག”་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བཞིན་པའི་རྣམ་པ་ཡིན་པ།
པར④ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ཕྲུ་གུ་ཚོས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་ཡིན་པ།
པར⑤ནི་སྣེའུ་ཁུལ་གསར་བུ་བཅོལ་ཁང་དུ་ཕྲུ་གུ་ཚོས་གླུ་ལེན་གར་འཁྲབ་བྱས་ནས་དུས་ཆེན་ལ་བསུ་བ་ཞུ་བཞིན་པའི་རྣམ་པ་ཡིན་པ།
པར⑥ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭས“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བཞིན་པའི་རྣམ་པ་ཡིན་པ།
པར⑦ནི་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་དུ་གྲོཊ་པོ་ཆུང་ཆུང་ཚོས་རི་མོ་བྲིས་ནས་དུས་ཆེན་ལ་དགའ་བས་རོལ་ཞིན་པའི་རྣམ་པ་ཡིན་པ།
པར⑧ནི་སྟོད་ལུང་བདེ་ཆེན་ཆུས་གཅེས་ཕྲུག་དགའ་ཚལ་བུ་བཅོལ་ཁང་གི་བྱིས་པ་ཚོས་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་ཡིན་པ།
པར⑨ནི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་པ་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་བསྐྱོད་དེ་བྱེད་སྒོ་སྤེལ་བཞིན་པའི་རྣམ་པ་ཡིན་པ།
①
②
③
④
⑤
⑥
⑦
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社