分享按钮

ཞི་ཅིན་ཕིང་གིས་ཐུ་ནི་སིའི་སྲིད་འཛིན་སའེ་དབྱི་ཏེ་དང་གྲོས་མོལ་གནང་བ།

ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་།ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་མ་ཟད་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་པའི་ཐུ་ནི་སིའི་སྲིད་འཛིན་སའེ་དབྱི་ཏི་དང་གྲོས་མོལ་གནང་ཞིང་། པར་འདི་ནི་གྲོས་མོལ་མ་གནང་གི་སྔོན་ལ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་སའེ་དབྱི་ཏི་དང་སྐུ་ཟླ་དབྱི་ཧྲི་ལ་ཧྥུ་གཉིས་དང་མཉམ་དུ་པར་བསྐྱོན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་།ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་མ་ཟད་ཀྲུང་ཨ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་པའི་ཐུ་ནི་སིའི་སྲིད་འཛིན་སའེ་དབྱི་ཏེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཐུ་ནི་སིའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུ་ནི་སི་ནི་གྲོགས་པོ་ཡག་པོ་དང་སྤུན་ཟླ་བཟང་པོ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་60སོང་རིང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཐུ་ནི་སི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱིད་སྡུག་མཉམ་མྱོང་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-02 6 6 拉萨日报藏文 c181924.html 1 ཞི་ཅིན་ཕིང་གིས་ཐུ་ནི་སིའི་སྲིད་འཛིན་སའེ་དབྱི་ཏེ་དང་གྲོས་མོལ་གནང་བ། /enpproperty-->