ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་31ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ལོ་ཆུང་བྱིས་པར་འཚམས་འདྲི་གནང་བ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་ན་ཆུང་བྱིས་པར་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་པར་མ་ཟད། དཀའ་སྤྱད་འབད་བརྩོན་གནང་མཁན་གྱི་སློབ་གསོའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ་ཞུགས་ཡོད།
གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་དུ། ཕྲུ་གུ་ཚོའི་དགའ་སྤྲོའི་དགོད་སྒྲ་གང་སར་ཁྱབ་ཅིང་། “དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ཝང་ཆང་གྲོགས་པོ་ཆུང་ཆུང་ཚོའི་ཁྲོད་དུ་ཕེབས་ནས། སྤྲོ་སྣང་ཆེན་པོས་བྱིས་པ་ཚོའི་རིག་རྩལ་འཁྲབ་སྟོན་ལ་གཟིཊ་པ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社