分享按钮

གྲོང་ཁྱེར་གྱི་དབུ་ཁྲིད་ཀྱིས་ཅང་སུའུ་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་གློག་སྐས་བདེ་འཇགས་རིག་ལྡན་ལྟ་སྐུལ་དོ་དམ་ལས་སྟེགས་ལ་བརྟག་ཞིབ་གནང་བ།

ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གློག་སྐས་ཀྱི་བདེ་འཇགས་ནི་སྤྱི་ཚོགས་དམངས་འཚོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས། གློག་སྐས་ཀྱི་ལྷུ་ཚིགས་ཁག་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གློག་སྐས་ལ་སྡོད་པའི་བདེ་འཇགས་དང་རིག་ལྡན་ཅན་གྱི་དོ་དམ་ལ་འགན་ལེན་ཏན་ཏིག་བྱ་ཆེད། ཅང་སུའུ་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་ཤུཊ་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ལྷ་ས་གྲོང་ཁྱེར་གྱིས་གློག་སྐས་ཀྱི་རིག་ལྡན་ཅན་གྱི་ལྟ་སྐུལ་དོ་དམ་གྱི་ལྟེ་གནས་གཅིག་དང་ལས་སྟེགས་གསུམ་བཙུགས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཟླ་5ཚེས་28ཉིན། ཅང་སུའུ་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་སྣེ་ཁྲིད་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་བཅས་ཡིན་པའི་ཁྲེན་ཅིང་གིས་རང་གྲོང་གི་གློག་སྐས་བདེ་འཇགས་ཀྱི་རིག་ལྡན་ལྟ་སྐུལ་དོ་དམ་ལས་སྟེགས་འཛུཊ་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་གནང་རིང་ཁྲེན་ཅིང་གིས་རོགས་སྐྱོར་འཛུཊ་སྐྲུན་རྣམ་གྲངས་དོན་འཁྱོལ་བྱས་ཚུལ་དང་གློག་སྐས་བདེ་འཇཊ་ཀྱི་རིག་ལྡན་ལྟ་སྐུལ་དོ་དམ་སྟེཊ་བུ་དང་། གློག་སྐས་འཕྲལ་སྡོམ་རོཊ་སྐྱོབ་སྟེཊ་བུ། གློག་སྐས་དངོས་ཟོག་དྲ་སྦྲེལ་སྟེཊ་བུ་བཅས་འཛུཊ་སྐྲུན་བྱས་ཚུལ་ལ་ཤེས་རྟོཊ་ཞིབ་ཕྲ་གནང་བ་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-01 ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c181899.html 1 གྲོང་ཁྱེར་གྱི་དབུ་ཁྲིད་ཀྱིས་ཅང་སུའུ་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་གློག་སྐས་བདེ་འཇགས་རིག་ལྡན་ལྟ་སྐུལ་དོ་དམ་ལས་སྟེགས་ལ་བརྟག་ཞིབ་གནང་བ། /enpproperty-->