(པར་ངོས་དང་པོར་མཐུད)དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྣེ་ཁྲིད་བྱས་ཡོད། ཀྲུང་གོ་དང་ཨེ་ཅིབ་དབར་གྱི་འབྲེལ་བ་དེ་ཀྲུང་གོས་ཨ་རབ་དང་། ཨ་ཧྥེ་རི་ཁ་གླིང་། དབྱི་སི་ལམ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཅས་དང་མཐུན་སྒྲིལ་རོགས་ལས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། དུས་བབ་གསར་པའི་འོག ནང་དོན་དེ་བས་ཟབ་པ་དང་གསོན་ཤུགས་དེ་བས་ཆེ་བའི་ཀྲུང་གོ་དང་ཨེ་ཅིབ་དབར་གྱི་འབྲེལ་བ་འཛུགས་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མཉམ་ལས་ལ་སྐུལ་འདེད་བཏང་ཐོག དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིཊ་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འཕྲད་ཡོད། ཕྱོཊ་གཉིས་པོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོཊ་ཀྱིས་ཨེ་ཅིབ་ཕྱོཊ་དང་རྨང་གཞིའི་སྒྲིག་བཀོད་དང་། བཟོ་ལས། གློག་ཤུཊ། ཞིང་ལས་སོཊ་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པ། སྨན་བཅོས་འཕྲོད་བསྟེན་དང་། ཆ་འཕྲིན་འཕྲིན་གཏོང་། བསྐྱར་སྐྱེས་ནུས་ཁུངས་སོཊ་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་གཏོད་པ། དཔལ་འབྱོར་ཉོ་ཚོང་དང་མ་འཇོག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨེ་ཅིབ་ཏུ་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་འདོད་ཡོད། ད་ལོའི“ཀྲུང་གོ་དང་ཨེ་ཅིབ་ཀྱི་རོཊ་ཟླའི་ལོ”ཡག་པོ་གཉེར་ནས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་དང་། ཨེ་ཅིབ་ཀྱི“ལུའུ་པན་བཟོ་ཁང”དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་རིཊ་སློབ་གསོའི་མཉམ་ལས་ཀྱི་ཚད་གཞི་ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཨེ་ཅིབ་ཕྱོགས་དབར་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་སོགས་ཕྱོགས་མང་ལས་སྟེགས་ནང་མཐུན་སྦྱོར་གཞོགས་འདེགས་སྔར་བས་དམ་ཟབ་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ད་ལོ་ནི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་20འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་དང་ཕྱོགས་གཞན་དག་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཡག་པོ་བསྐྲུན་ཏེ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་སོགས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་ཁོངས་གཏོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ལག་གདང་སྦྲེལ་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་ཡང་བསྐྲུན་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
སའེ་ཞི་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་བྱུང་བ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མིག་སྔར་འཛམ་གླིང་འདི་ཉིད་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་དུས་སུ་གནས་ཡོད་པ་དང་། དབུས་ཤར་ས་ཁུལ་ཉམས་ཉེན་གྱི་གནས་སུ་ལྷུངས་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་བཏང་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་ཡི་ཡོད་པ་དང་། ཐའེ་ཝན་དང་འབྲེལ་བ་ཡོད་པ་དང་། ཤང་ཀང་དང་འབྲེལ་བ་ཡོད་པ། བོད་དང་འབྲེལ་བ་ཡོད་པ། འགྲོ་བ་མིའི་ཐོབ་ཐང་སོགས་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོར་རྒྱལ་ཁབ་རྦད་དེ་གོང་བུ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨེ་ཅིབ་ཏུ་མ་འཇོག་མཉམ་ལས་བྱེད་པར་ཡོང་ནས་ཨེ་ཅིབ་ཀྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་དང་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རོགས་རམ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ད་ལོའི“ཨེ་ཅིབ་དང་ཀྲུང་གོའི་རོགས་ཟླའི་ལོ”གོ་སྐབས་སུ་བྱས་ནས་མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་ཆ་འཕྲིན་འཕྲིན་གཏོང་དང་མི་ཐབས་རིག་ནུས། ནུས་ཁུངས་གསར་པ། འབྲུ་རིགས་བདེ་འཇགས། དངུལ་རྩ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་བསྔགས་བརྗོད་ཞུ་ཡི་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས་མིའི་རིགས་ཀྱི་ཞི་བདེ་ཡར་ཐོན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཕྱོགས་གཉིས་པོས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། ཞི་ཅིན་ཕིང་གིས་རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་གིས་ཕ་ལེ་སི་ཐན་གྱི་ཉེས་མེད་མི་སེར་འབོར་ཆེན་ཤི་རྨས་བཟོས་ཡོད་པ་དང་། ཀ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་དུས་བབ་ཛ་དྲག་པོ་བཟོས་ཡོད་པས་ཀྲུང་གོ་ཕྱོགས་བློ་ཕམ་ཆེན་པོ་བྱུང་། མིག་སྔའི་ཁ་ཚ་དགོས་གཏུག་ནི་འཕྲལ་དུ་དམག་མཚམས་འཇོག་རྒྱུ་དང་། གདོང་ཐུག་རྒྱ་ཡན་དུ་ཕྱིན་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཕོག་ཐུག་མི་ཐེབས་པ་བྱ་རྒྱུ། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔར་བས་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་བྱ་རྒྱུ་བཅས་ཡིན། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ནི་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ལམ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨེ་ཅིབ་ཕྱོགས་ཀྱིས་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཨེ་ཅིབ་ཕྱོགས་དང་མཉམ་དུ་ཀ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་མུ་མཐུད་ནུས་པས་གང་ལྕོགས་ཀྱི་རོགས་རམ་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཁྱོན་ཡོངས་དང་གཞུང་དྲང་། ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
སའེ་ཞི་ཡིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དྲང་པོ་དྲང་གཞག་བྱེད་པ་དང་དྲང་བདེན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པར་ཨེ་ཅིབ་ཕྱོགས་ནས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ནས་ཀ་ཧྲ་ས་ཁུལ་གྱི་ཛ་དྲག་དུས་བབ་གང་སྔ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
མཇལ་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ལས་འཆར་འགོད་དང་། ཚན་རྩལ་གསར་གཏོད། མ་འཇོག་དང་དཔལ་འབྱོར་མཉམ་ལས། ནད་ཡམས་ཞིབ་བཤེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།
ཕྱོགས་གཉིས་པོས《ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད།
མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོཊ་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་སའེ་ཞི་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།
སའེ་ཞི་ཕེབས་འབྱོར་ཟིན་སྐབས། གུས་ལུགས་དམག་གྲལ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཤིང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་ཡོད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་སའེ་ཞི་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་ཡོད།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོཊ་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་སའེ་ཞི་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད།
(བྱམས་པ་ཚེ་རིང་དང་དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社