ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་གློག་སྒུལ་སྦག་སྦག་དེ་སྟབས་བདེ་དང་། གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱད་ཆོས་ལྡན་པར་བརྟེན་གྲོང་མིའི་འགྲོ་སྐྱོད་ཡོ་ཆས་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། སྡེ་ཁུལ་གྱི་གྲོང་མིའི་གློག་སྒུལ་སྦག་སྦག་གི་གློག་གསོག་དགོས་མཁོ་སྐོང་བ་དང་། གློག་སྒུལ་སྦག་སྦག་ལ་གློག་གསོག་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ།གློག་སྐུད་ཟང་ཟིང་ཁྲིད་ནས་གློག་གསོག་པ།གློག་སྒུལ་སྦག་སྦག་ཐོག་ཁང་དུ་ཁྲིད་དེ་ཁྱིམ་དུ་གློག་གསོག་པ་སོགས་ཀྱི་སྣང་ཚུལ་དག་མི་ཐོན་པ་བྱ་ཆེད། གྲྭ་བཞི་ཁྲོམ་གཞུང་ཉི་དྲོད་གླིང་སྡེ་ཁུལ་གྱིས་ཧྲུའུ་ཡོན་སྡེ་ཁུལ་གྱི་སྡེ་ལས་ཀུང་སི་དང་ཁང་བདག་ཨུ་ལྷན་དང་འབྲེལ་གཏུགས་ཧུར་ཐག་བྱས་ནས་སྡེ་ཁུལ་གྱི་གློག་སྒུལ་སྦག་སྦག་འཇོག་གནས་དང་གློག་གསོག་ཀ་བ་སྒྲིག་སྦྱོར་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།
ཉི་དྲོད་གླིང་སྡེ་ཁུལ་གྱིས་ཧྲུའུ་ཡོན་སྡེ་ལས་དང་ཁང་བདག་ཨུ་ལྷན་གྱི་ལས་དོན་པ་དང་མཉམ་དུ་དུས་འགོའི་བརྟག་དཔྱད་བྱས་པ་བརྒྱུད་ཉིན་ཤས་གོང་ཁུལ་ཆུང་ཤར་ནུབ་ཕྱོགས་གཉིས་སུ་གློག་སྒུལ་སྦག་སྦག་འཇོག་གནས་དང་སྟབས་བདེའི་གློག་གསོག་ཀ་བ་སྒྲིག་སྦྱོར་བྱས་པ་རེད། མིག་སྔར་གློག་གསོག་སྒྲིག་ཆས་ཆ་ཚང་5སྒྲིག་སྦྱོར་བྱས་ཟིན་པ་དང་ཁྱོན་གློག་གསོག་གི་ཁ་110ལྷག་ཙམ་སྒྲིག་སྦྱོར་བྱས་པས།ཁུལ་ཆུང་གྲོང་མིའི་གློག་སྒུལ་སྦག་སྦག་བདེ་འཇགས་ངང་གློག་གསོག་པའི་དགོས་མཁོ་ཧ་ཅང་ཡག་པོ་བསྐངས་པ་རེད། དེ་དང་ཆབས་ཅིག་གློག་གསོག་ཀ་བས་དམངས་བདེ་དམངས་ཕན་གྱི་ནུས་པ་དངོས་སུ་འདོན་སྤེལ་བྱ་རྒྱུ་དང་།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社