分享按钮

གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་སྔོན་རྩིས་ལག་བསྟར་གྱི་ལས་རྗེས་དཔྱད་དཔོག་བྱ་དགའ་ཆད་གཅོད་ཀྱི་བྱ་ཐབས་ལ་བཟོ་བཅོས་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་སྔོན་རྩིས་ལག་བསྟར་གྱི་ལས་རྗེས་དཔྱད་དཔོག་ལས་དོན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།《ལྷ་ས་གྲོང་ཁྱེར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་གྱི་ལས་རྗེས་དཔྱད་དཔོག་བྱ་དགའ་ཆད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》ལ་བཟོ་བཅོས་བརྒྱབ་པ་དང་འབྲེལ་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་གི་མིང་ཐོག་ནས་པར་འགྲེམས་ལག་བསྟར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར། གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས《ལྷ་ས་གྲོང་ཁྱེར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་གྱི་ལས་རྗེས་དཔྱད་དཔོག་བྱ་དགའ་ཆད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཟོས་པ་དང་།ལེགས་པར་བྱ་དགའ་སྤྲོད་པ་དང་། ཞན་པར་ཆད་པ་གཅོད་པ། ལས་ཀ་བརྩོན་པར་བྱ་དགའ་སྤྲོད་པ། སྒྱིད་ལུག་ལ་ཆད་པ་གཅོད་པ་སོགས་དྲང་ཕྱོགས་ལ་སྐུལ་མ་གཏོང་བ་མཚོན་པར་བྱས་ཏེ།སྔོན་རྩིས་ཚན་པའི་ཧུར་བརྩོན་རང་བཞིན་དང་།རང་འགུལ་རང་བཞིན།གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ནས་ཚན་པ་ཁག་ཏུ་འགན་འཁྲི་འཁུར་བ་དང་།འགྲན་རྩོད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།

སྔོན་རྩིས་ལག་བསྟར་གྱི་ལས་རྗེས་དཔྱད་དཔོག་གི་ཡང་དག་རང་བཞིན་དང་དྲང་གཞག་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་ཆེད།ཉེ་ཆར། གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་དཔྱད་ཞིབ་ལས་དོན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།《བྱ་ཐབས》ཀྱི་འབྲེལ་ཡོད་ནང་དོན་ལ་གསེད་བཀྲོལ་དང་བཟོ་བཅོས་བརྒྱབ་པ་དང་སྦྲགས། གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་གི་མིང་ཐོག་ནས་པར་འགྲེམས་ལག་བསྟར་བྱས་པ་རེད། ཐེངས་འདིར་བཟོ་བཅོས་བརྒྱབ་པའི《བྱ་ཐབས》ཀྱིས་སྔར་ཡོད་ཀྱི་གཞི་རྩའི་སྒྲོམ་གཞི་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག དཔྱད་ཞིབ་བྱ་ཡུལ་དང་ནང་དོན་སོགས་ཀྱི་ཐད་ལེགས་སུ་དང་འཐུས་ཚང་དུ་བཏང་བས།སྔོན་རྩིས་ལག་བསྟར་གྱི་ལས་རྗེས་མཐོ་རུ་ནུས་ལྡན་ཕྱིན་པ་དང་ནོར་སྲིད་དོ་དམ་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་ཐེབས་ནས་ནོར་སྲིད་དོ་དམ་གྱི་དུས་བབ་གསར་པ་དང་། བླང་བྱ་གསར་པར་དེ་བས་ལེགས་པའི་སྒོ་ནས་འཚམ་པར་བྱས་ཏེ།གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-27 6 6 拉萨日报藏文 c181564.html 1 གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་སྔོན་རྩིས་ལག་བསྟར་གྱི་ལས་རྗེས་དཔྱད་དཔོག་བྱ་དགའ་ཆད་གཅོད་ཀྱི་བྱ་ཐབས་ལ་བཟོ་བཅོས་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་པ། /enpproperty-->