(པར་ངོས་དང་པོར་མཐུད)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུ་དེ་ཡིན།འབྱུང་ཁམས་ཁོར་ཡུག་བཟང་ན་དམངས་ལ་དངོས་གནས་དྲང་གནས་ཀྱི་བདེ་སྐྱིད་ཚོར་སེམས་མང་དུ་འགྲོ་ཐུབ།ཚང་མས་མཉམ་དུ་ལག་པ་འགུལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་འཛུགས་སྐྲུན་དང་གཅེས་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
ཚེས་24ཉིན་གྱི་སྔ་དྲོར།ཞི་ཅིན་ཕིང་གིས་ཅི་ནན་གྲོང་ཁྱེར་དུ་ཧྲན་ཏུང་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་ནས་ཧྲན་ཏུང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
ཞི་ཅིན་ཕིང་གིས་ཧྲན་ཏུང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་ཆེན་པོ་བཏོད་ཡོད།རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་མཐོར་འདེགས་དང་།གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེན། འབྱུང་འགྱུར་ཐོན་ལས་སྔོན་བརྒལ་བཀོད་སྒྲིག་བཅས་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་ཀྱི་ཕན་ནུས་ཁྱོན་ཡོངས་ནས་འདོན་པ་དང་།ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས།འཕེལ་རྒྱས་གཏོང་སྟངས་འབྱུང་འཕྲོད་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ས་ཁོངས་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་བྱང་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་གྱི་སྣེ་ཤར་གལ་ཆེན་ཞིག་ཏུ་ཧུར་ཐག་བྱེད་དགོས།རྒྱ་མཚོའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་བྱེད་པ་དང་།རྒྱ་མཚོ་ལ་དོ་དམ་གཉེར་སྐྱོང་དང་རྒྱ་མཚོར་ཕྱོགས་ནས་རྒྱལ་ཁབ་སྟོབས་ལྡན་ཡོང་བར་བརྩོན་ལེན་བྱས་ཏེ།འཛམ་གླིང་རིམ་པའི་རྒྱ་མཚོའི་གྲུ་ཁ་བསྐྲུན་པ་དང་།དེང་རབས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཧྲན་ཏུང་གིས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཁྲོད་སྔོན་ལ་བསྐྱོད་ཕོད་པ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་གཅིག་འདུས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་བཀག་རྒྱ་བཟོ་བའི་འགལ་ཟླ་མངོན་གསལ་དོད་རིགས་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་དགོས་པ་དང་། ལམ་ལུགས་འཐུས་ཚང་ཏུ་གཏོང་བ་དང་། སྒྲིག་གཞི་འཐུས་ཚང་དུ་གཏོང་བ། གསོན་ཤུགས་སྐུལ་སྤེལ་བྱེད་པ། སྒུལ་ཤུགས་སྣོན་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས་པ། རྒྱལ་སྤྱིའི་ཟོག་འདྲེན་གྱི་བགྲོད་ལམ་ཆེན་མོ་ཧུར་ཐག་སྐྲུན་པ་དང་། རང་མོས་ཉོ་ཚོང་ཁུལ་གྱི་མཉམ་སྒུལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལམ་ལུགས་རྣམ་པའི་སྒོ་དབྱེའི་དཔེ་སྟོན་ཁུལ་ཡག་པོ་བསྐྲུན་པ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཀྱི་རིམ་པ་མཐོ་བའི་སྟེགས་བུ་གལ་ཆེན་ཞིབ་ཚགས་ངང་གཏོད་པ་བཅས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོ་གཉིས་ཤར་བགྲོད་ཐུབ་པའི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་འབད་པས་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཧྲན་ཏུང་ནི་ཞིང་ལས་ཀྱི་ཞིང་ཆེན་ཆེན་མོ་ཞིག་དང་། འབྲུ་རིགས་ཀྱི་ཞིང་ཆེན་ཆེན་མོ་ཞིག་ཡིན་པས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐད་འགན་འཁྲི་ཆེན་མོ་འཁུར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གྲོང་ཚོའི་འཆར་འགོད་བཟོ་བའི་སྤུས་ཚད་དང་ཕན་ནུས་མཐོ་རུ་གཏོང་བ། དེང་རབས་ཀྱི་ཞིང་ལས་གོང་འཕེལ་ཤུགས་ཆེར་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་དང་ཞིང་ལས་ཐོན་རྫས་ཀྱི་བཟོ་སྣོན་ལས་རིགས་གོང་འཕེལ་ཡག་པོ་གཏོང་བ། ཐོན་ལས་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་རིང་དུ་གཏོང་བ་བཅས་བྱེད་དགོས། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འབྲུ་རིགས་ཐོན་འཕར་སྤུས་མཐོར་སྐུལ་འདེད་བཏང་ནས། ཆུ་ཚད་དེ་བས་མཐོ་བའི་ཧྲན་ཏུང་གི་འབྲུ་མཛོད་བསྐྲུན་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེ་རུ་བཏང་སྟེ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་འབབ་འཕར་མང་དུ་འགྲོ་བ། གྲོང་གསེབ་ཀྱི་གསོན་ཤུགས་རྒྱས་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་བཅོས་སྒྲིག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྒྲིག་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། གྲོང་གསེབ་ཞི་བདེ་བརྟན་ལྷིང་དང་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཧྲན་ཏུང་གིས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་ཁུར་ནས། རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་ཐད་བྱ་སྤྱོད་ཧུར་ཐག་སྤེལ་དགོས། རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་གཏིང་ཟབ་བྱེད་དགོས། གསར་གཏོད་རང་བཞིན་གྱི་བརྗེ་བསྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ཁུང་ཙེའི་རིག་གནས་དུས་ཆེན་སོགས་གཞི་རྟེན་དུ་བྱས་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་གཏོང་དགོས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། དབྱི་མེང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བསྟར་ནས། རྒྱུན་ཆད་མེད་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་བྱེད་པ་དང་། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་སྒྱུར་བར་དམ་འཛིན་ཡག་པོ་བྱས་ཏེ། དེང་རབས་ཤེས་དཔལ་གྱི་འདུ་ཤེས་གྲོང་གསེབ་ཏུ་རྩ་བ་བརྟན་པོ་ཚུགས་སུ་འཇུག་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། རིག་གནས་དམངས་ཕན་ལས་གྲྭ་གསར་གཏོད་ལག་བསྟར་བྱེད་པ། རིག་གནས་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་དཔལ་འབྱོར་གོང་འཕེལ་གྱི་འགུལ་ནུས་དང་ཕན་ཁེ་ཆེ་རུ་གཏོང་བ་དང་། ཡུལ་སྐོར་སྤྲོ་གསེང་གི་ནང་དོན་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ལ་དྲང་ཤུགས་དང་གསོན་ཤུགས་སྣོན་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་སྐབས། ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཡོངས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གཙོ་བོ་ཡིན་པས། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཕན་འབྲས་དངོས་ཐོན་པར་བྱེད་དགོས། ཉེན་བརྡའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་གླེང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། སེམས་ནང་གུས་ཤིང་སྐྲག་ས་ཡོད་པ་དང་། ལག་ཏུ་ཚད་གཞི་འཛིན་ས་ཡོད་པ་དེ་རྒྱུན་ལྡན་གྱི་རང་འགུལ་དུ་འགྱུར་བ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག བློ་བདེ་པོས་ལས་ཀ་བྱེད་པ་དང་། སེམས་ལ་ཁུར་པོ་མེད་པར་ལས་ཀ་བྱེད་པ། བློ་རྩ་བརྟན་པོས་ཡར་བརྩོན་བྱེད་པ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་ཀྱིས་མི་དམངས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་འཇོག་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱེད་པ་དེ་གོ་སྐབས་སུ་བཟུང་ནས། རྒྱུན་མཐུད་ངང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་ཏུ་བཏང་ཐོག གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། གཞི་རིམ་ལས་བྱེད་པས་ལས་སྒྲུབ་དང་བྱ་གཞག་གསར་གཏོད་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་དང་། ས་གནས་སྲིད་གཞུང་གི་བུ་ལོན། ས་ཁང་བདག་ཁོངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་དེ་སེལ་བའི་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་བྱེད་པ། ཐོན་བཟོ་ཡོད་པའི་ཆུ་ལོག་སོགས་ཀྱི་གནོད་འཚེ་སྔ་ཙམ་སྔོན་འགོག་བྱེད་པ། ཁྱབ་ཁོངས་ཁག་གི་བདེ་འཇགས་ཐད་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཉེན་ཁ་མ་ཐོན་གོང་སྔོན་འགོག་ཏན་ཏིག་བྱེད་པ་དང་། བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་སྲུང་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡིས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་ཡོད།
ལི་ཀན་ཅེ་དང་ཧོ་ལི་ཧྥེང་དང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་ཡོད།
ཟླ་5ཚེས་23ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཅི་ནན་དུ་མཛའ་བརྩེའི་ངང་ཅི་ནན་དུ་བཅའ་སྡོད་དཔུང་སྡེའི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས། ཅི་ནན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་གྱི་སྐུ་པར་ཡང་བསྐྱོན་ཡོད། ཀྲང་ཡིའུ་ཞ་ཡིས་མཇལ་འཕྲད་ལ་ཕེབས་རོགས་ཞུས་ཡོད།(བུ་ཆུང་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社