分享按钮

ཞི་ཅིན་ཕིང་གིས་ཀྲུང་ཨའི་ཡུལ་སྐོར་མཐོ་རིམ་གླེང་མོལ་ སྐབས་14པ་འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་ཡུལ་སྐོར་མཐོ་རིམ་གླེང་མོལ་སྐབས་14པ་འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་རེད། ཀྲུང་ཨའི་འབྲེལ་བའི་རྨང་གཞི་ནི་མི་དམངས་ཀྱིས་བཏིང་བ་དང་། ཀྲུང་ཨའི་འབྲེལ་བའི་སྒོ་མོ་ནི་མི་དམངས་ཀྱིས་ཕྱེ་བ། ཀྲུང་ཨའི་འབྲེལ་བའི་གཏམ་རྒྱུད་ནི་མི་དམངས་ཀྱིས་བྲིས་བ། ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་ཡང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཐུན་མོང་ཐོག་གསར་སྐྲུན་བྱེད་ངེས་རེད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཡུལ་སྐོར་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་འགྲོ་འོང་དང་། སྤེལ་རེས། ཕན་ཚུན་ཤེས་རྟོགས། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 6 6 拉萨日报藏文 c181444.html 1 ཞི་ཅིན་ཕིང་གིས་ཀྲུང་ཨའི་ཡུལ་སྐོར་མཐོ་རིམ་གླེང་མོལ་ སྐབས་14པ་འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་པ། /enpproperty-->