པར་རིས་གསར་འགྱུར།
པར་ངོས་འདིའི་འགན་འཁུར་རྩོམ་སྒྲིག་པ། ཨོ་རྒྱན་ཚེ་རིང་།
རེས་གཟའ་ཕུར་བུ།
རིག་གནས་ཡུལ་སྐོར་གྱི་གར་སྟེགས་སུ་ཚོང་དོན་གྱི་སྤྲོ་གར་འཁྲབ།
ཟླ་5ཚེས་20ཉིན་གྱི་སྔ་དྲོ།ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྒྲུབ་འགན་ཁུར་བའི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ཚོང་པའི་འོས་སྦྱོར་ཚོགས་འདུ་ལྷ་ས་ཀྲའུ་ཅི་གསོལ་མགྲོན་ཁང་དུ་འཚོགས་པ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་གྲོགས་པོ་རྣམས་ལྷ་སར་ལྷན་དུ་འཛོམས་ནས་མཛའ་གྲོགས་དང་། འཕེལ་རྒྱས། མཉམ་ལས། འཆར་གཞི་བཅས་གླེང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཚོང་དོན་མཉམ་ལས་གྲོས་མོལ་ཁུལ་དང་། རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་ཁུལ་སོགས་ཆེད་མངགས་བཙུགས་ཏེ། རང་སའི་ཡུལ་སྐོར་ཁེ་ལས་དང་ཚོགས་འདུར་ཞུགས་པའི་ས་ཆ་གཞན་གྱི་སྐུ་མགྲོན་ལ་གྲོས་མོལ་ལས་སྟེགས་ཤིག་མཁོ་འདོན་བྱས་པ་དང་། ཡུལ་དངོས་སུ་ཕེབས་པའི་འགོ་ཁྲིད་སྐུ་མགྲོན་རྣམས་ལ་ཕྱོགས་ཡོངས་ནས་བོད་ཀྱི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་ངོ་སྤྲོད་བྱས་པ་རེད།
①
ཟླ་5ཚེས་20ཉིན་གྱི་སྔ་དྲོ།ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྒྲུབ་འགན་ཁུར་བའི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་ཚོང་འདུས་བྱེད་སྒོ་དེའང་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།
བྱེད་སྒོ་དེར“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པ་གཙོ་དོན་དུ་བྱས་ཏེ། ཐང་ག་དང་། གདན་གྲུམ་ཟེ། གཟིམ་སྤོས། རིག་གནས་གསར་གཏོད་ཐོན་རྫས། དཀར་ཡོལ། ནས་ཀྱི་ཐོན་རྫས། དཀར་ཆུའི་ཐོན་རྫས། ཚགས་ཤ་སྐམ་པོ། གཏེར་ཆུ་སོགས་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག་མང་པོ་བཀྲམས་ཤིང་།གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་འཛད་སྤྱོད་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད།
②
⑤
པར་①②③④ནི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་ཚོང་འདུས་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཡིན།
པར་རིས་⑤⑥⑦ནི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ཚོང་པའི་འོས་སྦྱོར་ཚོགས་འདུ་འཚོག་ཡུལ་གྱི་རྣམ་པ་ཡིན།
③
⑥
⑦
④
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社