分享按钮

ཞི་ཅིན་ཕིང་གིས་བྱང་མ་སི་དོ་ཉི་ཡའི་སྲིད་འཛིན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་ཀེར་ཏ་ནཱ•ཞི་ལི་ཡ་ནུའོ་ཧྥུ་སི་ཁ-ཏ་ཧྥུ་ཁོ་ཝ་ལ་གློག་འཕྲིན་བཏང་ནས་ཁོང་གིས་བྱང་མ་སི་དོ་ཉི་ཡའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འགན་གནས་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་གྲུབ་འབྲས་ཀྱིས་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད། ངས་ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་མཁྱེན་ལྡན་མ་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-23 6 6 拉萨日报藏文 c181425.html 1 ཞི་ཅིན་ཕིང་གིས་བྱང་མ་སི་དོ་ཉི་ཡའི་སྲིད་འཛིན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ། /enpproperty-->