ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ལག་ལེན་མཐར་ཕྱིན་བྱ་ཆེད། ཉེ་ཆར། ཉང་བྲན་ཁྲོམ་གཞུང་གིས“1+8”ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ནས“དྲ་མིག་ལས་དོན་པས་མང་ཚོགས་ངོ་ཤེས་པ་དང་། མང་ཚོགས་ཀྱིས་དྲ་མིག་ལས་དོན་པ་ངོ་ཤེས་པ། མང་ཚོགས་ཀྱི་བློ་སེམས་གཅིག་ཏུ་སྦྲེལ་བའི”བྱེད་སྒོ་སྤེལ་ཞིང་། བཅོས་སྐྱོང་གི་ལེ་ཚན་གསར་པ་ཐུན་མོང་དུ་བརྩམས་པ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བར་མ་ཟད། ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་དྲ་མིག་ཞབས་ཞུ“རྒྱ་ཆེ་ཙམ”སྒྲུབ་པ་དང་། མང་ཚོགས་དང“ཐག་ཉེ་ཙམ”བྱེད་པའི་བསམ་ཕྱོགས་མངོན་འགྱུར་ཐུབ་ཡོད།
དྲ་མིག་ལས་དོན་པས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་དམངས་ཀྱི་འདོད་བློ་སྐོང་ཐུབ་པར་བྱེད་པ།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社