ཟླ་5ཚེས་19ཉིན་ནི་ཀྲུང་གོའི་ཡུལ་སྐོར་ཉིན་མོ་ཐེངས་14པ་དང་། བོད་རང་སྐྱོང་ལྗོངས་བོད་སྨན་རྩིས་ཁང་གི་རྩིས་པས་བརྟགས་པའི་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ་ཡང་ཡིན་པས། སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ལ་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་གནམ་མཚོའི་དར་ཁ་ཕྱེ་བའི་མཛད་སྒོ་གནམ་མཚོའི་འགྲམ་དུ་སྤེལ་བ་རེད།
མཐའ་འཁོར་དུ་རྩེ་མོ་དགུང་ལ་ཟུག་འདྲའི་གཉན་ཆེན་ཐང་ལྷའི་རི་རྒྱུད་དར་དཀར་གྱི་ཡོལ་བ་འདྲ་བའི་ཁ་བས་བཀླུབས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་མཚོ་ཁར་ཆུ་སྐྱར་གྱི་ཁྱུ་ཚོགས་འཕུར་ལྡིང་ལ་རོལ་བ། འཁོད་སྙོམས་པའི་སྤང་ལྗོངས་སུ་ནོར་གནག་ཅི་དགར་རོལ་བ་སོགས་ངོ་མཚར་ཆེ་ཞིང་རང་བྱུང་གི་མཛེས་ཆོས་དུ་མས་ཕྱུག་པའི་བྱང་གི་གནམ་མཚོ་ཕྱུག་མོ་ནི་ཅི་འདྲའི་ཡིད་དབང་ཕྲོག་པ་ཞིག་རེད་ཨང་།
ཟླ་5ཚེས་18ཉིན་གནམ་མཚོའི་འགྲམ་དུ་གུར་མང་པོ་ཕུབ་ཡོད་པ་དང་།རྫོང(ཆུས)ཁག་གིས་དེ་གར་རང་ཉིད་ཀྱི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་བསྣམས་ཤིང་།2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་ལ་ཞུགས་མཁན་གྱི་སྐུ་མགྲོན་དང་། ཡུལ་སྐོར་བ། མང་ཚོགས་ཀྱང་དེ་གར་མཉམ་དུ་འཛོམས་ནས་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོར་སྒུག མཚར་སྡུག་བཀྲ་བའི་མཚམས་སྤྲིན་གྱི་འོད་མདངས་ཕྱོགས་བཅུར་འཕྲོ་བའི་ས་སྲོས་ཀྱི་མཚམས་སུ་རྫོང(ཆུས)ཁག་གི་རིག་རྩལ་རུ་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་སྟོན་བྱས་པ་དང་། ཡུལ་དངོས་སུ་སླེབས་པའི་གཟིགས་མོ་བ་ཚོས་གར་སྟེགས་སུ་ལག་གདང་སྦྲེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཕུང་སྐོར་བྲོ་འཁྲབ་ནས་གནམ་མཚོའི་མཐའ་འཁོར་དུ་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས་ཡོད།
①
པར་②③④ནི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་མེ་ཕུང་སྐོར་བྲོའི་དགོང་ཚོགས་སྤེལ་ཡུལ་གྱི་རྣམ་པ་ཡིན།
པར་རིས་⑤ནི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་དམངས་སྲོལ་བྱེད་སྒོའི་ཡུལ་དངོས་སུ་བོད་ཡིག་ཡིག་གཟུགས་འབྲི་བཞིན་པའི་རྣམ་པ་ཡིན།
②
⑥
⑦
པར་རིས་①⑥⑦⑧ནི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་གནམ་མཚོའི་དར་ཁ་ཕྱེ་བའི་མཛད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཡིན།
པར་རིས་⑨ནི་མཚམས་སྤྲིན་འོག་གི་མཛེས་སྡུག་ལྡན་པའི་གནམ་མཚོའི་རྣམ་པ་ཡིན།
③
⑧
④
⑨
⑤
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社