ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ནན་ཅིང་དཔེ་མཛོད་ཁང་གིས་རོགས་སྐྲུན་བྱས་པའི་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་ཁག་བཞི་པའི་རོགས་སྐྱོར་དཔེ་དེབ་བདེ་བླག་ངང་ལྷ་སར་དབོར་ཡོད། ཐེངས་འདིར་དཔེ་དེབ་ཁྲི་10ལྷག་ཙམ་དབོར་ཟིན་པ་དང་རིན་ཐང་སྒོར་ཁྲི་500ཟིན་པ་དང་། དེའི་ནང་རྩོམ་རིག་དང་། ལོ་རྒྱུས། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པས་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་འདི་ཉིད་ཕུན་སུམ་ཚོཊ་སུ་ཕྱིན་ནས་རྒྱ་ཆེའི་ཀློག་པ་པོའི་དཔེ་ཀློག་གི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བའི་གནས་ཚུལ་སྐོང་ཐུབ་རྒྱུ་རེད།
2022ལོ་ནས་བཟུང་། ནན་ཅིང་དཔེ་མཛོད་ཁང་གིས་ཅང་སུའུ་ཞིང་ཆེན་གྱིས་བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྣམ་གྲངས་དོན་འཁྱོལ་ཧུར་ཐག་བྱས་པ་དང་། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཐོན་ཁུངས་དང་སྔོན་ཐོན་གྱི་དཔེ་དེབ་དོ་དམ་གྱི་ཉམས་མྱོང་ལ་བརྟེན་ནས།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社