ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ།ཟླ་5ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེན་མོར་ཀྲུང་ཨུའི་རིག་གནས་ལོའི་འགོ་ཚུགས་མཛད་སྒོ་དང་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་རོལ་དབྱངས་འདུ་ཚོགས་ལ་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
ཞི་ཅིན་ཕིང་དང་ཕུའུ་ཅིང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་མཉམ་དུ་ཚོགས་རར་ཕེབས་པ་རེད།
ཞི་ཅིན་ཕིང་གིས་དང་ཐོག་ཤིས་ཚིག་གསུངས་པ་རེད།
ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཀྲུང་ཨུའི་འབྲེལ་བའི་དུས་རབས་ཀྱི་བཞི་ཆ་གསུམ་ཆར་རླུང་བརྒྱུད་པ་ལས་ཀྲུང་ཨུའི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས།གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་བཅས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་།རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པས། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དོན་སྙིང་གལ་ཆེན་ལྡན་པ་གསལ་བཤད་བྱས་ཡོད། ཕན་ཚུན་གཉེར་བའི་གཙོ་དོན་ལོ་དེ་ཀྲུང་ཨུའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཏུ་གྱུར་ཡོད་ལ།རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཞིག་ཀྱང་ཡིན་པས།རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཡོངས་ཁྱབ་ངང་དགའ་བསུ་ཐོབ་ཡོད། ན་ནིང་ང་དང་སྲིད་འཛིན་ཕུའུ་ཅིང་གཉིས་ཀྱིས་2024ལོ་ནས་2025ལོ་བར་ཀྲུང་ཨུའི་རིག་གནས་ལོ་གཉེར་རྒྱུའི་གྲོས་ཐག་བཅད་པ་ཡིན། དེ་རིང་ཕྱོགས་གཉིས་པོས་རིག་གནས་ཀྱི་དོན་ཆེན་དེ་དངོས་སུ་འགོ་བཙུགས་པ་རེད། ཕྱོགས་གཉིས་པོས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་རྣམ་གྲངས་རབ་དང་རིམ་པ་གཉེར་ནས་རྒྱལ་ཁབ་གཉིས་པོའི་རིག་གནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་ཐུབ་པར་བྱས་ཏེ།ཀྲུང་ཨུའི་རིག་གནས་སྤེལ་རེས་ཀྱི་འབྱུང་འགྱུར་གསར་པ་ཐུན་མོང་ཐོག་གཏོད་རྒྱུ་ཡིན། དེས་ཀྲུང་ཨུའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་གཉེན་ཉེའི་ཐད་སྒུལ་ཤུགས་གསར་པ་བསྣན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་མི་རིགས་རོལ་དབྱངས་ནི་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་རའི་ནང་གི་མཛེས་སྡུག་ལྡན་པའི་མེ་ཏོག་ཅིག་རེད། དེ་རིང་དགོང་མོའི་རོལ་དབྱངས་ཀྱི་གསོལ་སྟོན་གཟབ་རྒྱས་དེ་ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ངོ་མཚར་ཆེ་བའི་ལེའུ་ཞིག་ཏུ་འགྱུར་ངེས་རེད། ང་ཚོས་ཀྲུང་ཨུའི་རིག་གནས་ལོ་གོ་སྐབས་སུ་བྱས་ནས་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་འགོ་འཛུགས་ས་གསར་པར་བྱས་ཏེ།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社