ཉེ་ཆར། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོཊ་ཆེན་གྱི་གསར་འགྱུར་ཡོངས་བསྒྲཊ་ཚོཊ་འདུ་ལྷ་སར་འཚོཊ་པ་རེད། ཚོཊ་ཆེན་གྱིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པ”ཞེས་པ་གཙོ་དོན་དུ་འཛིན་རྒྱུ་ཡིན་ཞིང་། དེའི་དམིཊ་ཡུལ་ནི་རིག་གནས་དང་ཡུལ་སྐོར་མཉམ་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་ཆེད་ཡིན།
ཟླ་5ཚེས་17ནས་ཚེས་26ཉིན་བར་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོཊ་ཆེན་འཚོག་རྒྱུ་ཡིན་པ་དང་། རྫོང(ཆུས)ཁག་དང་རིག་གནས་རིཊ་ཁོངས་ཀྱི་ཁེ་ལས་ཀྱིས་ད་དུང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་དང་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་འགྲེམས་འཚོང་གི་བྱེད་སྒོ་སྤེལ་ཏེ། རིག་གནས་ཞབས་ཞུ་ཁྱད་ལྡན་ཅན་དང་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པའི་སྒོ་ནས་རིག་གནས་དང་ཡུལ་སྐོར་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོཊ་ཆེན་གྱིས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་ལ་གསོན་ཤུཊ་གསར་པ་བསྣན་ནས“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”ལས་དོན་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་ནུས་པ་གསར་པ་ཡང་ཐོན་རྒྱུ་ཡིན་ལ། སྤུས་ལེགས་དང་ནུས་ཆེའི་ཡུལ་སྐོར་ཞབས་ཞུ་ཡིས་ལྷ་སར་ཡོང་མཁན་ཡུལ་སྐོར་བ་རྣམས་སྤྲོ་བ་ཆེན་པོས་ཡོང་ཐུབ་པ་དང་འདོད་བློ་ཁེངས་པོས་ལོག་ཐུབ་པའི་ཡིད་ཆེས་ཡོད།
2023ལོར་གྲོང་ཁྱེར་ཡོངས་ཀྱི་རིག་གནས་དང་འབྲེལ་བ་ཡོད་པའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་26.21ཟིན་ནས་དུས་མཚུངས་ལས་བརྒྱ་ཆ་61འཕར་བ་དང་། ད་ལོའི་དུས་ཚིཊ་དང་པོར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6.5ཟིན་ནས་དུས་མཚུངས་ལས་བརྒྱ་ཆ་30འཕར་ཡོད་པས། ད་ལོ་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལས་བརྒལ་རེ་ཡོད།
པར་①③④⑥⑦ནི་ཡུལ་སྐོར་བས་མཛེས་ལྗོངས་ཀྱི་མདུན་དུ་པར་ལེན་བཞིན་པའི་རྣམ་པ་ཡིན།
པར་②ནི་སྔོ་ཞིང་དྭངས་བའི་གནམ་མཚོའི་མཛེས་ལྗོངས་ཡིན།
པར་⑤ནི་ཡུལ་སྐོར་བས་དངོས་མཚོན་གྱི་པར་ལེན་བཞིན་པའི་རྣམ་པ་ཡིན།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
①
③
②
④
⑦
⑥
⑤
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社