分享按钮

“གངས་ལྗོངས་ཀྱི་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་ཚེས་17ཉིན་གྱི་དགོང་མོར་འཁྲབ་སྟོན་བྱེད་འགོ་ཚུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གཟབ་རྒྱས་ངང་འཚོག་ཉེར་ཡོད་པ་དང་། དེའི་རིང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་རེད། དེའི་ནང་ནས་ཚོགས་ཆེན་གྱི་ཆེད་དོན་རིག་རྩལ་འཁྲབ་སྟོན་དེ་ཟླ་5ཚེས་17ཉིན་གྱི་དགོང་མོར་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་། མིག་སྔར་འཁྲབ་སྟོན་དེ་ཛ་དྲག་ངང་ནང་སྦྱོང་བྱེད་བཞིན་ཡོད།

ནང་སྦྱོང་བྱེད་པའི་ཉིན་དང་པོར་གསར་འགོད་པ་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་སླེབས་སྐབས་འཁྲབ་སྟོན་མི་སྣ་ཚོས་འཁྲབ་སྟོན་བདེ་བླག་ངང་ལེགས་གྲུབ་ཡོང་ཕྱིར་གར་སྟེགས་ཐོག་ནན་ཏན་ངང་ནང་སྦྱོང་བྱེད་བཞིན་པ་མཐོང་ཡོད།

ཆེད་དོན་རིག་རྩལ་འཁྲབ་སྟོན་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཝུའེ་ཏུང་གིས་ཟླ་4པའི་ཟླ་འགོ་ནས་བཟུང་དགོང་ཚོགས་དེ་ཇུས་འགོད་བྱས་ཡོད། དགོང་ཚོགས་ཧྲིལ་པོའི་གཙོ་དོན་ནི“གངས་ལྗོངས་ཀྱི་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པ་དེ་ཡིན་པ་དང་། དེ་ནི་ལྷ་སའི་ཡུལ་སྐོར་དང་།རིག་གནས།རང་བྱུང་གི་ཡུལ་ལྗོངས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་ལྗོངས་བཅས་ལ་གཞིགས་ནས་ཇུས་འགོད་བྱས་པ་ཞིག་ཡིན། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་དང་གཞས་མ་གཏམ་ཚོགས་པའི་ཆེད་ལས་རིག་རྩལ་འཁྲབ་སྟོན་པས་འཁྲབ་སྟོན་བྱ་རྒྱུ་དང་། པེ་ཅིང་དང་ཅང་སུའུ་ཡི་གཙོ་སྐྱོང་པ་དང་ས་གནས་དེ་གའི་གཞས་པ་ཡང་གདན་དྲངས་ཡོད། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-17 6 6 拉萨日报藏文 c181030.html 1 “གངས་ལྗོངས་ཀྱི་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་ཚེས་17ཉིན་གྱི་དགོང་མོར་འཁྲབ་སྟོན་བྱེད་འགོ་ཚུཊ་པ། /enpproperty-->