(པར་ངོས་དང་པོར་མཐུད)བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱེད་པར་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པས།ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས།
ནན་ཁའེ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་རྒྱུན་ལས་སློབ་སྤྱི་གཞོན་པ་ཡུས་དབྱི་ཧྥན་གྱིས་རྒྱུན་གཏན་གྱི་ལས་དོན་ཁྲོད་ང་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དུས་ཐོག་ཏུ་བསམ་བློ་ཆབ་སྲིད་སློབ་ཁྲིད་ནང་མཉམ་འདྲེས་བྱ་རྒྱུར་མུ་མཐུད་སྣང་ཆེན་བྱེད་ཀྱི་ཡོད།ཕྱིས་འབྱུང་ཆེད་དོན་བརྟག་ཞིབ་ཧུར་ཐག་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ།སློབ་མར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་སྟོབས་ཤུགས་ཆེན་མོ་ཚོར་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་གསུངས།
བྱིས་པའི་ཟློས་གར《ཤིན་ཨན་ཡུལ་སྐོར་ཚོགས་པ》ཞེས་པའི་འཁྲབ་སྦྱོང་དང་ཕོ་རྒོད་ཆུང་བའི་སྒྲོག་འགྲེལ་ཚོགས་པ་བཙུགས་པ་སོགས་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཤིན་ཨན་སློབ་ཆུང་གིས་ཤིན་ཨན་ཡུལ་སྐོར་ཚོགས་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་གི་གསོན་ཉམས་ལྡན་པའི་སློབ་དེབ་ཏུ་བརྩིས་ནས།གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་བཅུག་པ་རེད།སློབ་སྤྱི་ཀྲང་ཏ་ཏུང་གིས་ང་ཚོས་དུས་རབས་ཀྱི་མི་གསར་པའི་བླ་སྲོག་གཏོད་པའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་ལུས་རྩལ་དང་། མཛེས་དཔྱོད།ཚན་རྩལ།ངལ་རྩོལ་བཅས་ཀྱི་མི་གསོ་སྐྱོང་མ་ལག་བཙུགས་ཏེ་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།ཕྲུ་གུ་ཚོར་མི་ཚེའི་གོམ་པ་དང་པོ་དེ་ཡག་པོ་སྤོ་རོགས་བྱ་རྒྱུ་ཡིན་ཞེས་བཤད།
སྤྱི་ཚོགས་ཀྱི་སློབ་ཚན་ཆེ་གྲས་ཇི་ལྟར་བེད་སྤྱོད་ཡག་པོ་བྱེད་དགོས།ཐོན་ཁུངས་ཀྱི་སྟེགས་བུ་ཆེ་གྲས་ཇི་ལྟར་བསྐྲུན་དགོས་སོགས་ཀྱི་གནད་དོན་ཐད།ཡུན་རིང་མ་སོང་གོང་།བྱང་ཤར་དགེ་འོས་སློབ་ཆེན་ཁོངས་གཏོགས་སློབ་འབྲིང་དུ་འཚོགས་པའི་སློབ་ཆུང་དང་།དམའ་རིམ།མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་ཁྲང་ཁྲུན་གྲོང་ཁྱེར་གྱི་སློབ་གྲྭ་མང་པོའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཚོས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།
བྱང་ཤར་དགེ་འོས་སློབ་ཆེན་ཁོངས་གཏོགས་སློབ་འབྲིང་གི་སློབ་སྤྱི་ཧྲའོ་ཀྲི་ཧའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭ་མཐོ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ཚེ་ངའི་བསམ་པར་ལས་ཀའི་ཁ་ཕྱོགས་དེ་བས་ཁ་གསལ་དུ་འགྲོ་ངེས་ཅེས་གསུངས་ཡོད།ཕྱིས་འབྱུང་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་།རྒྱུན་གཏན་གྱི་བསམ་བློ་ཆབ་སྲིད་ལས་དོན།བསམ་བློ་ཆབ་སྲིད་སློབ་ཚན་བཅས་ཕྱོགས་གསུམ་གཞི་གཅིག་གི་སློབ་གྲྭ་ཆུང་འབྲིང་མཐོ་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྱོང་དོན་འཁྱོལ་བྱས་ནས་སློབ་གྲྭ་དང་སྤྱི་ཚོགས་ཀྱིས་མཉམ་དུ་མི་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་ནུས་ལྡན་བྱ་རྒྱུ་ཡིན་ཞེས་གསུངས།
མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཝང་རི་ཁྲུན་གྱིས་ལོ་གསུམ་ལྷག་གི་གོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་བློ་མཐུན་རྒན་གྲས་ལ་འཕྲིན་ལན་སྤྲིངས་སྐབས་སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་པ་དང་བློ་རིག་དང་ཤེས་རིག་འཕེལ་ཐུབ་པའི་སློབ་དེབ་སྤུས་ལེགས་གཏོད་དགོས་ཞེས་ནན་གསུངས་གནང་བ་དང་། ད་ཐེངས་སླར་ཡང་སློབ་དེབ་ལས་དོན་ལ་བླང་བྱ་གསལ་པོ་བཏོན་ཡོད།ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་དེབ་དང་། སློབ་ཚན།ཀླད་པ་བཅས་སུ་འཇུག་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་དེབ་གཙོ་བོར་བྱེད་པ་དང་།གཙོ་དོན་དཔེ་སྐྲུན་དངོས་པོ་དང་སློབ་དེབ་སྣ་ཚོགས་མཉམ་དུ་མི་གསོ་སྐྱོང་བྱེད་པའི་བསམ་བློ་ཆབ་སྲིད་སློབ་དེབ་མ་ལག་ཆེན་པོ་འཛུགས་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས།
རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ཝུན་ལིས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་།ཡངས་ཤིང་རྒྱ་ཆེ་བའི་ས་སྟེང་གི་ཤུལ་བཞག གནའ་བོའི་དེབ་ནང་བྲིས་པའི་ཡི་གེ་བཅས་ལ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད་ལ་དཔེ་ཁྲིད་དང་མི་གསོ་སྐྱོང་བྱེད་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཞིག་ཀྱང་ཡོད།ང་ཚོས་རིག་དངོས་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ནས་གནའ་རྫས་དཔྱད་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་སློབ་གྲྭ་འབྲིང་ཆུང་གི་ལོ་རྒྱུས་སློབ་དེབ་དང་ཀློག་དེབ་ནང་དུས་ཐོག་ཏུ་བཅུག་སྟེ་བརྗོད་བྱ་མངོན་གསལ་དོད་ལ་ནང་དོན་ཕུན་སུམ་ཚོགས་པའི་འགྲེམས་སྟོན་དང་།སློབ་གསོའི་བྱེད་སྒོ་ཁག་གཅིག་ཇུས་འགོད་བྱས་ནས་དགེ་སློབ་དེ་བས་མང་བ་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་མཁན་དུ་འགྱུར་བར་བྱས་ཏེ།དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་ནུས་པ་དེ་བས་ལེགས་པ་ཐོན་པར་བྱ་རྒྱུ་ཡིན་ཞེས་གསུངས།
བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་གཉེར་རྒྱུའི་འགག་རྩ་ནི་དགེ་རྒན་ལ་ཐུག་ཡོད་ལ།དགེ་རྒན་གྱི་ཧུར་བརྩོན་རང་བཞིན་དང་།རང་འགུལ་རང་བཞིན།གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱ་རྒྱུར་ཡང་ཐུག་ཡོད།
ཧུའུ་ནན་དགེ་འོས་ཆེད་ཚན་སློབ་གྲྭ་དང་པོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཁྲེང་དབྱིས་ང་ཚོས་སློབ་གྲྭའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་སྲོལ་རྒྱུན་དང་གསར་བརྗེའི་ཐོན་ཁུངས་ཀྱི་ལེཊ་ཆ་འདོན་སྤེལ་གང་ལེཊ་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་འཛུཊ་སྐྱོང་ལ་ཤུཊ་སྣོན་ཧུར་ཐག་རྒྱག་རྒྱུ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཧུར་ཐག་གཏོང་རྒྱུ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་སློབ་ཁྲིད་གསོ་སྐྱོང་ལ་འབད་བརྩོན་དང་རྒྱལ་ཁབ་སྟོབས་ལྡན་གཏོང་བར་རང་ཉིད་ཡོད་པའི་འགན་འཁྲི་འཁུར་རྒྱུར་སྐུལ་སློང་གང་ལེཊ་བྱ་རྒྱུ་ཡིན་ཞེས་གསུངས།
ཡུན་ནན་ཁུན་མིང་རུན་ཁྲེང་སློབ་གྲྭའི་དམའ་རིམ་སློབ་འབྲིང་པུའུ་ཡི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ལི་ནན་གྱིས་སླད་ཕྱིན་གྱི་ལས་དོན་ཁྲོད་ངས་ཆེད་ལས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་།ཤེས་བྱའི་གྲུབ་ཆ་ཕུན་སུམ་ཚོགས་སུ་གཏོང་བ།སློབ་མ་དང་སྤེལ་རེས་བྱེད་པར་དེ་བས་མཐོང་ཆེན་བྱེད་པ།གསོན་ཉམས་དོད་པའི་སློབ་ཁྲིད་བྱེད་སྟངས་སྤྱད་པ་བཅས་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འགུག་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དང་།ཆབ་སྲིད་ཟབ་པ་དང་།བརྩེ་སེམས་ཟབ་པ།བསམ་གཞིགས་གསར་པ།མཐོང་རྒྱ་ཆེ་བ།རང་གཅུན་ནན་པ།མི་གཤིས་དྲང་པོ་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས།
ཧར་པིན་བཟོ་ལས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཡན་ཅིན་ཧུང་གིས་ངས་སློབ་ཁྲིད་ཁྲོད་རྒྱུན་ཆད་མེད་པར་བྱ་ཐབས་གསར་གཏོད་དང་།རིམ་བཞིན་སློབ་ཚན་གྱི་དམིགས་ཚད་ཇུས་འགོད་བྱེད་པ།གསོན་ཉམས་དོད་པའི་དཔེ་མཚོན་གསོན་པོ་དང་ཟུང་འབྲེལ་བྱས་ནས་གནས་ལུགས་གཏིང་ཟབ་དང་།ཁོང་དུ་ཆུད་པ།གསལ་པོར་བཅས་བཤད་ནས་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་གཞུང་འཁྱོངས་གསར་གཏོད་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།
ཧྥུའུ་ཅན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་ཡེ་ཧྲེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོའི་ལས་ཀའི་བསམ་ཕྱོགས་སྔར་བས་རྒྱ་ཆེར་བཏང་ཡོད།ཉེ་བའི་ལོ་ཤས་རིང་།ཞིང་ཆེན་གྱི་འགོ་ཁྲིད་སློབ་གྲྭར་བསྐྱོད་དེ་དགེ་སློབ་ལ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཐེངས་100ལྷག་ཙམ་འཁྲིད་པར་མ་ཟད།ང་ཚོས་ད་དུང་ཧྥུའུ་ཅན་བརྒྱད་མཐོང་བ་ཞེས་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིབ་འཇུག་དང་སློབ་སྦྱོང་ལག་ལེན་གྱི་ཁྱབ་ཁོངས་ཀྱང་བཙུགས་ཡོད།འབྱུང་འགྱུར་རིམ་པ་ཁག་ཏང་ཨུད་ཀྱིས་སྣེ་ཁྲིད་དེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གཉེར་བ་དང་།དགེ་རྒན་གྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནན་ཏན་གྱིས་འཁྲིད་པ།སློབ་མས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ལ་སློབ་སྦྱོང་ཧུར་ཐག་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་སྔར་བས་ཡག་པོ་ཆགས་རྒྱུ་རེད་ཅེས་གསུངས།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་འབྱོར་བའི་གློག་འཕྲིན)(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社