ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་7ནས་ཚེས་11ཉིན་བར།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་གིས་རུ་སྣེ་ཁྲིད་དེ་ཁྲེང་ཀོན་ཆུས་སུ་ཕེབས་ཏེ་ལྷ་ས་གྲོང་ཁྱེར་གྱི་2024ལོའི་གཙོ་གནད་རྣམ་གྲངས་སྐུལ་འདེད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།
ཧོ་ཕུང་དང་བཅས་པ་སྔ་རྗེས་སུ་ལས་འགོ་ཚུགས་ཟིན་པའི་ལྷ་ས་གྲོང་ཁྱེར་དགེ་འོས་ཆེད་ཚན་སློབ་གྲྭའི་ཞོར་གཏོགས་སློབ་ཆུང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དང་། ལྷ་ཀླུ་འདམ་ར་དང་དེ་བཞིན་མཐའ་འཁོར་གྱི་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་དང་མཐོ་རུ་གཏོང་བའི་རྣམ་གྲངས། བོད་གསར་བརྗེའི་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་ཐང་ཆེན་ལྷོ་དང་ས་འོག་རླངས་འཁོར་འཇོག་སའི་འཛུགས་སྐྲུན་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་བཅས་སུ་ཕེབས་པ། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社