分享按钮

ཆར་གོས་སྤྲད་ནས་གཅེས་སེམས་མཚོན་པར་བྱས་པ།

ཉི་དྲོད་གླིང་སྡེ་ཁུལ་གྱི་ཁོངས་གཏོགས་ཁུལ་དུ“ཆར་པ་ཆེན་པོ་འབབ་ཀྱི་འདུག་པས་ཚོན་ཁྲ་ཅན་གྱི་ཆར་གོས་འདི་གྱོན་རོགས”ཞེས་པའི་བྱམས་བརྩེའི་འཚམས་འདྲི་དེ་ཕྲུ་གུ་ཚོ་སློབ་གྲྭ་གྲོལ་བའི་ལམ་བར་དུ་གྲགས་ཤིང་། ཟླ་5ཚེས་10ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པར་སློབ་གྲྭ་གྲོལ་བའི་དུས་སྐབས་སུ་གློ་བུར་དུ་ཆར་པ་བབས་ནས་ཕྲུ་གུ་དང་ཁྱིམ་བདག་མང་པོ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར་ནས་ལམ་སེང་ཆར་གཡོལ་བྱེད་ས་འཚོལ་བའམ་ཡང་ན་ལམ་དུ་ཐད་དཀར་རྒྱུག་འགྲོ་ཡི་ཡོད། སྡེ་ཁུལ་གྱི་དྲ་མིག་ཅན་གྱི་ལས་དོན་མི་སྣས་མགྱོགས་མྱུར་ཁོང་ཚོར་ཆར་གོས་སྤྲད་དེ་ལུས་པོ་ཆར་པས་མི་རློན་པ་བྱུང་ཡོད།

པར་འདི་ནི་ཉི་དྲོད་གླིང་སྡེ་ཁུལ་གྱི་དྲ་མིག་ཅན་གྱི་ལས་དོན་མི་སྣས་སློབ་མར་ཆར་གོས་སྤྲོད་བཞིན་པའི་རྣམ་པ་ཡིན། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 6 6 拉萨日报藏文 c180808.html 1 ཆར་གོས་སྤྲད་ནས་གཅེས་སེམས་མཚོན་པར་བྱས་པ། /enpproperty-->