ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་དང་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྐབས་སུ་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་པ་བྱས་པར་ང་ཧ་ཅང་དགའ་པོ་བྱུང་།ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་ལོ་60ཡི་ལོ་རྒྱུས་རྩ་ཆེན་ལས་ང་ཚོས་ཇི་ལྟར་བྱས་ནས་ལོ་60རྗེས་མའི་འགོ་འཛུགས་རྒྱུའི་ཐད་བསམ་གཞིགས་དེ་བས་ལེགས་པ་ཐུབ་རྒྱུ་རེད།མིག་སྔའི་འཛམ་གླིང་ཐོག་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་འོག་ཕྱོགས་གཉིས་པོས་རང་བཙན་རང་བདག་དང་།ཕན་ཚུན་བསམ་ཤེས།གཟིགས་རྒྱང་རིང་བ།གཉིས་ཕན་གཉིས་རྒྱལ་བཅས་ཀྱི་ཕྱི་འབྲེལ་འཛུགས་རྒྱུའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་འབྲེལ།དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་དུས་སྐབས་གསར་པའི་ཡིད་ཆེས་བརྟན་ལྷིང་དང་།གཞུང་གསར་གཏོད།འགན་འཁྲི་ཁུར་བ་བཅས་ཀྱི་ཀྲུང་ཧྥའི་འབྲེལ་བ་གཏོད་དགོས།ཕྱོགས་གཉིས་པོས་རང་བཙན་རང་བདག་མཐའ་འཁྱོངས་བྱས་ཏེ་འཇམ་འཐབ་གསར་པའམ་དཔུང་ཁག་གིས་འགྲན་རྒོལ་བྱེད་པར་ཐུན་མོང་ཐོག་སྔོན་འགོག་བྱེད་དགོས།ཕན་ཚུན་བསམ་ཤེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྣམ་པར་བཀྲ་བའི་འཛམ་གླིང་འཆམ་མཐུན་མཉམ་གནས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།གཟིགས་རྒྱང་རིང་པོ་མཐའ་འཁྱོངས་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དུ་འགྱུར་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།གཉིས་ཕན་གཉིས་རྒྱལ་མཐའ་འཁྱོངས་བྱས་ཏེ་འབྲེལ་ཐག་གཅོད་པའི་ཐད་ཐུན་མོང་ཐོག་ངོ་རྒོལ་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社