ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ།ཟླ་5ཚེས་5ཉིན། ཕ་རི་སིར་ཕེབས་ནས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི《ཧྥེ་ཅ་ལུའོ་ཚགས་པར》ཐོག《ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་སྤེལ་བ་རེད།
ཞི་ཅིན་ཕིང་གིས་2024ལོ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བའི་ལོ་ཡིན། ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་པ་དེས་ཤར་ནུབ་དབར་འབྲེལ་གཏུགས་ཀྱི་ཟམ་པ་བསྐྲུན་ཡོད་ལ། རྒྱལ་སྤྱིའི་འབྲེལ་བ་དེ་སྐད་ཆ་ཤོད་རེས་དང་མཉམ་ལས་ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད། ལོ་ངོ་60ཡི་རིང་། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་འགྲོས་དང་བསྟུན་ཡོད། ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་བའི་ཁྲོད་རྒྱལ་ཁབ་གཉིས་པོས་སྔོན་ལ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་སྒྲིག་སྲོལ་རང་བཞིན་གྱི་འཐབ་ཇུས་སྐད་ཆ་ཤོད་རེས་བྱེད་འགོ་བཙུགས་པ་དང་། མཁའ་འགྲུལ་དང་ཉིང་རྡུལ་ནུས་པ། ཕྱོགས་གསུམ་པའི་ཁྲོམ་ར་སོགས་ཀྱི་མཉམ་ལས་སྔོན་ལ་སྤེལ་བ། གཞན་གྱི་སྔོན་ལ་ཕན་ཚུན་རིག་གནས་ལྟེ་གནས་འཛུགས་པ་དང་ཕན་ཚུན་རིག་གནས་ལོ་གཉེར་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》དང“ཁུན་མིང་དང་མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞིར”སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་གྲོས་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
ལོ་རྒྱུས་ནི་དགེ་རྒན་ཡག་ཤོས་ཡིན། དེང་གི་འཛམ་གླིང་ཤིན་ཏུ་ལྷིང་འཇགས་མིན་པ་དང་སླར་ཡང་ཉེན་ཁ་མང་པོ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་གྱི་སྙིང་སྟོབས་དར་སྤེལ་བཏང་ཐོག ཀྲུང་གོ་དང་ཧྥ་རན་སེའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཞིག་ཡིན། ལོ་ངོ་75ཡི་རིང་། ཀྲུང་གོའི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་ནས་ཀྲུང་གོ་འདི་ཉིད་དབུལ་ཞིང་ཕོངས་པ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་འཕེལ་རྒྱས་བྱུང་བ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་ཁ་ཤས་ཡོངས་སུ་དབུལ་སྒྲོལ་ཐུབ་ནས། མིའི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ངོ་མཚར་གསར་པ་བསྐྲུན་ཡོད། ཀྲུང་གོ་འཕེལ་རྒྱས་འགྲོ་བའི་ཉམས་མྱོང་གལ་ཆེན་ཞིག་ནི་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དེ་རེད། ང་ཚོས་ཧྥ་རན་སེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་མ་དངུལ་འཇོག་པ་དང་ལས་གཉེར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། མིག་སྔར། ཧྥ་རན་སེས་ལྗང་མདོག་གསར་གཏོད་ལ་གཞིགས་པའི“བཟོ་ལས་ཅན་བསྐྱར་མར”སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་གོས་ཀྱང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་པོ་གཏོང་བཞིན་ཡོད་པས། ཕྱོགས་གཉིས་པོས་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆོག ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥ་རན་སེར་མ་འཇོག་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社