分享按钮

2023ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ ཀྱི་ཚོགས་མི་ཁྲི་7416.7ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། གུང་གཞོན་སྡེ་ཚོཊ་ཀྲུང་དབྱང་གིས་ཁྱབ་བསྒྲཊ་བྱས་པའི་གྲངས་གཞི་ལས་མངོན་པར་གཞིཊ་ན། 2023ལོའི་ཟླ་12པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོཊ་ཀྱི་ཚོཊ་མི་ཁྲི་7416.7དང་གུང་གཞོན་སྡེ་ཚོཊ་ཀྱི་རྩ་འཛུཊ་ཁྲི་431.6ཟིན་ཡོད། 2023ལོར་ཁྱོན་གུང་གཞོན་སྡེ་ཚོཊ་ཀྱི་ཚོཊ་མི་ཁྲི་460.5འཕེལ་རྒྱས་བཏང་ཡོད།

དེའི་ཁྲོད་དུ། སྡེ་ཚོགས་ཀྱི་ས་གནས་ཨུ་ཡོན་ལྷན་ཁང་ཁྲི་0.3དང་། གཞི་རིམ་གྱི་སྡེ་ཚོགས(ལས་དོན)ཨུ་ལྷན་ཁྲི་19.3 སྡེ་ཚོགས(སྤྱི་ཁྱབ)ཀྲི་པུའུ་ཁྲི་412.0བཅས་ཡོད། སློབ་གྲྭའི་སྡེ་ཚོགས་ཀྱི་རྩ་འཛུགས་ཁྲི་190.5དང་ཚོགས་མི་ཁྲི་3824.5ཡོད། ཁེ་ལས་ཀྱི་སྡེ་ཚོགས་རྩ་འཛུགས་ཁྲི་91.0དང་ཚོགས་མི་ཁྲི་721.0ཡོད། ལས་ཁུངས་དང་བྱ་གཞག་ཚན་པའི་སྡེ་ཚོགས་ཀྱི་རྩ་འཛུགས་ཁྲི་36.0དང་ཚོགས་མི་ཁྲི་441.9ཡོད། གྲོང་ཁྱེར་གྱི་ཁྲོམ་གཞུང་དང་། ཤང་དང་གྲོང་རྡལ། སྡེ་ཁུལ(གྲོང་ལྷན)སྲིད་འཛིན་གྲོང་ཚོ་བཅས་ཀྱི་སྡེ་ཚོགས་རྩ་འཛུགས་ཁྲི་94.2དང་ཚོགས་མི་ཁྲི་2173.7ཡོད། སྤྱི་ཚོགས་རྩ་འཛུགས་དང་ཁྱབ་ཁོངས་གཞན་དག་གི་སྡེ་ཚོགས་རྩ་འཛུགས་ཁྲི་19.9དང་ཚོགས་མི་ཁྲི་255.6ཡོད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-05 6 6 拉萨日报藏文 c180417.html 1 2023ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ ཀྱི་ཚོགས་མི་ཁྲི་7416.7ཟིན་པ། /enpproperty-->