(པར་ངོས་གསུམ་པར་མཐུད)བཀྲུ་བ།ཁག་བགོས་སོགས་ཀྱི་ལས་ཀའི་ངར་ཤུགས་ཆེ་ཞིང་། རང་འགུལ་ཅན་གྱི་ཁག་བགོས་འཕྲུལ་འཁོར་གྱིས་བཟོ་རྩལ་བརྒྱུད་རིམ་མང་པོ་བརྒྱུད་ནོར་གནག་གི་ཁུ་ལུ་འཇམ་པོ་ཟམ་མི་ཆད་པར་འདོན་བཞིན་ཡོད་པ་མཐོང་བྱུང་།
རིག་ནུས་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་བ་བརྒྱུད་ནོར་གནག་གི་ཁུ་ལུ་ལས་སྣོན་དང་། ཐོན་སྐྱེད། བྲིན་འཚོང་དང་དེ་བཞིན་ཐོན་རྫས་རབ་དང་རིམ་པས་གཙོ་བོར་བྱས་པའི་ཞིབ་ཚགས་ལས་སྣོན་ཁེ་ལས་དེའི་སྤུས་ཚད་དང་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མངགས་ཐོ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། ཀུང་སི་དེས་ས་ཁུལ་གཞན་གྱི་མཐོ་སློབ་དང་མཐོ་གསར་ལག་རྩལ་ཁེ་ལས་དང་ཕྱོགས་ཡོངས་ནས་ཚན་ཞིབ་མཉམ་ལས་བྱས་ཏེ་ནང་ཁུལ་དུ་གདན་འདྲེན་ཞུ་བ་དང་ཕྱིར་སྐྱོད་པ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ས་ཁུལ་གཞན་གྱི་མཐོ་སློབ་དང་ཁེ་ལས་ཀྱི་རིགས་གཅིག་མཁས་ཅན་བོད་དུ་གདན་འདྲེན་ཞུས་ནས་ཉམས་མྱོང་བཟང་པོ་དང་ལེན་བྱེད་པ་དང་། ས་གནས་འདི་གའི་ལས་མི་ས་ཁུལ་གཞན་དུ་སློབ་སྦྱོང་སྤེལ་རེས་བྱེད་པར་མངགས་པས་ས་གནས་ཁག་དང་མི་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་ལས་བཟོ་བའི་དབར་གྱི་སྤེལ་རེས་དང་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་མཐོ་རུ་ཕྱིན་ནས་ས་གནས་འདི་གའི་ནོར་གནག་གི་ཁུ་ལུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
བོད་ལྗོངས་ཧྲེང་ཤིན་བཟོ་ཚོང་ཚད་ཡོད་ཀུང་སིའི་ཁག་དབྱེའི་འཁོར་ཁང་གི་ཀྲུའུ་རེན་ཝང་ཏུང་ལིན་གྱིས། མིག་སྔར། ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་གི་འཕེལ་ཕྱོགས་བཟང་ཞིང་། ནང་ཁུལ་དུ་དོ་དམ་ལ་དམ་འཛིན་དང་ཕྱི་རོལ་དུ་ཁྲོམ་ར་རྒྱ་བསྐྱེད་པ་བརྒྱུད་སྣ་མང་ཅན་གྱི་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་མཁོ་མཁན་གྱི་ཁས་ལེན་གཅིག་གྱུར་ཐོབ་ཡོད། མིག་སྔར། མངགས་ཐོ་ཟླ་བ་གཅིག་ཡན་ལས་བརྒལ་བ་དང་། ལྔ་གཅིག་རིང་ང་ཚོའི་ཐོན་སྐྱེད་འཁོར་ཁང་གི་ལས་མཚམས་མི་འཇོག་པར་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་ལས་དུས་འཕར་མ་བྱས་ཏེ་སྤུས་ཚད་དང་གྲངས་འབོར་གཉིས་ཀ་འགན་ལེན་བྱས་ཐོག་ལས་འགན་ལེགས་སྒྲུབ་བྱ་རྒྱུ་དང་། དུས་བཀག་ལྟར་སྤུས་ཚད་འགན་ལེན་གྱི་ཚོང་ཟོག་རྩིས་སྤྲོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社